༢༠༡༧ ལོའི་འཛམ་གླིང་གསར་འགོད་རང་དབང་གི་ཟིན་ཐོ།

      May 8, 2017:02 AM

གསར་དུ་ཐོན་པའི་རྒྱལ་འཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་ཟིན་ཐོ་ “འཛམ་གླིང་གསར་འགོད་པའི་རང་དབང་” ཞེས་པའི་ནང་འཁོད་དོན། ད་ལྟའི་འཛམ་གླིང་གི་གསར་འགོད་པའི་རང་དབང་གི་གནས་སྟངས་ཧ་ཅང་གི་ཛ་དྲག་གི་གནས་སུ་ལྷུངས་ཡོད་པ་དང་། དམིགས་བསལ་རང་དབང་ལྡན་པའི་དམངས་གཙོའི་རྒྱལ་ཁབ་ཁག་གི་ནང་ཡིན་པ་བརྗོད་འདུག ཨ་རིའི་ནང་དུ་ཊོ་ན་ཊོམ་ཡིས་སྲིད་དབང་ཀྱི་ཁ་ལོ་བསྒྱུར་བཞིན་ཡོད་པ་དང་།དབྱིན་ཡུལ་དུ་བྷ་རེ་སི་(Brexit campaign)ལས་འགུལ་ཁྲོད་གསར་འགོད་པའི་ཐོག་ལ་སྐྱོན་བརྗོད་ཤུགས་ཆེན་དང་། གཞུང་ཕྱོགས་ནས་གསར་འགོད་པའི་རང་དབང་ཐོག་ལ་སྟངས་འཛིན་དང་དྲག་གནོན་བྱས་པའི་རྐྱེན་གྱིས་གསར་འགྱུར་བརྒྱུད་ལམ་གྱི་ལམ་བུ་གསར་པ་ཞིག་དུ་འགྱུར་ཡོད་པ་ནི་གནས་ཚུལ་ལ་འཁྱོགས་བཤད་དང་དྲང་བདེན་མེད་པའི་གསར་འགྱུར་སྤེལ་བའི་གནས་སྟངས་སུ་འགྱུར་ཡོད། དབང་ཤུགས་ཆེ་བའི་དཔོན་རིགས་ལ་རྒྱལ་ཁ་ཐོབ་རྗེས།གསར་འགྱུར་བརྒྱུད་ལམ་གྱི་རང་དབང་དེ་དག་ཕྱིར་འཐེན་བྱེད་དགོས་པ་ཐུབ་ཀྱི་ཡོད། པོ་ལེན་གྱི་སྲིད་བློན་ཟུར་པ་ཇ་རོ་ལཱོ་ཡི་(Jaroslaw Kaczynski)དབང་འཛིན་སྐབས་ཁོང་གིས་མི་མང་གི་རླུང་འཕྲིན་དང་བརྙན་འཕྲིན་ཚན་པ་གཉིས་གཞུང་གྱི་དྲིལ་བསྒྲགས་བྱེད་རྒྱུ་ལག་ཆ་བེད་སྤྱོད་བྱེད་པ་དང་། དེ་བཞིན། པོ་ལེན་གྱི་གཞུང་ནས་རང་དབང་ཅན་གྱི་གསར་ཤོག་སྡེ་ཚན་ཁག་གི་པར་བསྐྲུན་འཕྲུལ་འཁོར་ནང་བུད་སྣུམ་སོགས་ལ་སྟངས་འཛིན་དང་ཁ་གཏད་ཀྱི་བཅོས་བསྒྱུར་བྱས་་པའི་དབང་གིས་པོ་ལེན་འདི་གསར་འགོད་རང་དབང་གི་ཨང་རིམ་ནས་ས་མིག་བདུན་མར་ལྷུངས་ཡོད། ཧང་གྷར་རིའི་སྲིད་བློན་ཝེག་ཊོར་(Viktor Orbán’s)གྱི་དབང་འཛིན་སྐབས། ཧང་གྷར་རིའི་གསར་འགོད་པའི་རང་དབང་གི་ཨང་རིམ་ ༧༡ ནས་ས་མིག་བཞི་མར་ལྷུངས་ཡོད། ཇོན་མར་གཱ་ཧྥི་ལི་སིའི་ཊ་ཛི་ནི་ཡའི་(Tanzania)སྲིད་འཛིན་སྐབས་གསར་འགོད་རང་དབང་གི་ཨང་རིམ་ ༨༣ ནས་ས་མིག་ ༡༢ མར་ལྷུངས་ཡོད། དེ་བཞིན་ཊ་ཀི་(Turkey)སྲིན་བློན་རེ་སིབ་གྱི་མི་གཅིག་དབང་སྒྱུར་རིང་ལུགས་བེད་སྤྱད་ནས་ཆབ་སྲིད་ཁ་ཕྱོགས་འགྱུར་བ་དང་། ད་ལྟ་ཊ་ཀི་ནི་འཛམ་གླིང་ནང་མངོན་གསལ་ཅན་གྱི་གསར་འགོད་པའི་བརྒྱུད་ལམ་ཀྱི་བཙོན་ར་ཆེ་ཤོས་སུ་འགྱུར་ཡོད་པའི་རྐྱེན་གྱིས་གསར་འགོད་པའི་རང་དབང་གི་ཨང་རིམ་ནས་ས་མིག་བཞི་མར་ལྷུངས་ཡོད། ཨུ་རུ་སུ་སྲིད་འཛིན་པུན་ཊི་(Vladimir Putin)ཡིས་དབང་བསྒྱུར་འོག་ད་ལྟ་ཨུ་རུ་སུ་གསར་འགོད་རང་དབང་གི་ཨང་རིམ་མཇུག་ནས་རྩིས་པའི་ཨང་རིམ་ ༡༤༨ ཡིན་འདུག ད་ལྟ་དམངས་གཙོ་རྒྱལ་ཁབ་ཁག་གི་ནང་དུ་གསར་འགོད་པའི་རང་དབང་ཐོག་ལ་གནས་སྟངས་ཛ་དྲག་དུ་འགྱུར་བཞིན་ཡོད་པ་ཤེས་གསལ་ལྟར། གལ་སྲིད་གསར་འགྱུར་བརྒྱུད་ལམ་གྱི་རང་དབང་ལ་ས་བརྟན་མེད་ཚེ། གཞན་རང་དབང་ཁག་ཅི་འདྲ་ཞིག་ཡིན་རུང་དེ་ལ་འགན་ལེན་ཐུབ་རྒྱུ་ཁག་པོ་རེད༌།
འདི་ལོའི་གསར་འགོད་རང་དབང་ཐད་ནོར་ཝེ་ཨང་རིམ་དང་པོ་དང་བྱང་ཀོ་རི་ཡ་ཨང་རིམ་མཐའ་མ་ཆགས་ཡོད།
རྒྱལ་སྤྱིའི་གསར་འགོད་རང་དབང་གི་རེའུ་མིག་ལྟར་ན། རྒྱུད་ཁག་ལ་དམ་དྲག་བྱེད་བཞིན་པའི་དུས་སྐབས་འདིར། ཐ་ན་གསར་འགོད་རང་དབང་རྩེ་ཕུད་གྲས་སུ་ཚུད་ཡོད་པའི་ནོར་ཝེ་རྒྱལ་ཁབ་ཀྱི་གསར་འགོད་རང་དབང་ཡང་ཉམ་ཆགས་འགྲོ་བཞིན་ཡོད། ཆབ་སྲིད་དྲག་གནོན་དང་ཁེ་ལས་རྩོད་རྙོག་ལ་བརྟེན་ནས་ལོ་ངོ་ ༦ གི་རྗེས་སུ། ཧྥེན་ལན་ཌི་ (Finland) རྒྱལ་ཁབ་ཀྱི་གསར་འགོད་རང་དབང་དེ་ཨང་རིམ་གཉིས་མར་ཆགས་ཏེ་ཨང་རིམ་ ༣ པ་དང་། ནོར་ཝེ་ (Norway) རྒྱལ་ཁབ་ཀྱི་གསར་འགོད་རང་དབང་དེ་ཨང་རིམ་གཉིས་ཡར་འཕར་ཏེ་ཨང་རིམ་ ༡ པོ་ཆགས་ཡོད་པ་དང་། ནོར་ཝེ་ནི་ཡོ་རོབ་སྤྱི་མཐུན་ཚོགས་པའི་ཁོངས་ཞུགས་རྒྱལ་ཁབ་མིན་ནའང་། ཡོ་རོབ་གླིང་གི་མིག་དཔེར་འཛིན་འོས་པ་ཞིག་ཆགས་ཡོད། འདས་པའི་ལོ་ངོ་འདིའི་ནང་སི་ཝེ་ཌིན་ (Sweden) རྒྱལ་ཁབ་ནང་གསར་འགོད་པར་འཇིགས་སྐུལ་ཐེབས་ཡོད་ནའང་། གཞུང་ཕྱོགས་ནས་དཀའ་རྙོག་དེར་བཟང་ཕྱོགས་ཀྱི་འཕོ་འགྱུར་བཏང་སྟེ། ད་ཆ་གསར་འགོད་རང་དབང་དེ་ཨང་རིམ་ ༢ པར་སླེབས་ཡོད།
རྒྱལ་མཚམས་མེད་པའི་གསར་འགོད་ལྷན་ཚོགས་ (RSF) ཀྱི་གསར་འགོད་རང་དབང་གི་རེའུ་མིག་ལྟར་ན། ༢༠༠༧ ལོར་ཨང་རིམ་ ༡༧༩ ལྷུང་བའི་བྱང་ཤར་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཨ་རེ་ཊི་རི་ (Eritrea) ནི་བྱང་ཀོ་རི་ཡའི་གསར་འགོད་རང་དབང་གི་ཨང་རིམ་རྗེས་སུ་ལུས་ཡོད་ནའང་། རྗེས་སུ་མཐུན་ཕྱོགས་རྒྱལ་ཁབ་ཀྱི་གསར་འགོད་པ་ཚོ་རྒྱལ་ནང་དུ་ཡོང་འཇུག་གི་ཡོད། གསར་འགོད་རང་དབང་ཨང་རིམ་ ༡༨༠ ལྷུངས་བའི་བྱང་ཀོ་རི་ཡས་མུ་མཐུད་མི་མང་གི་མགོ་རྨོངས་སུ་འཇུག་པ་དང་། གསར་འགོད་པར་འཇིགས་སྐུལ་བྱེད་བཞིན་ཡོད་ལ། ཐ་ན་ཕྱིའི་རྒྱལ་ཁབ་ཀྱི་རླུང་འཕྲིན་ཁག་ལ་ཉན་མཁན་ཚོ་ཡང་འཛིན་བཟུང་བཀག་བསྐྱིལ་ཐེབས་ཀྱི་ཡོད། ཊུར་ཀི་མཱི་ནེ་སི་ཐན་ (Turkmenistan) རྒྱལ་ཁབ་ནི་འདི་ལོའི་གསར་འགོད་རང་དབང་གི་རེའུ་མིག་གི་གཤམ་གྱི་ཨང་རིམ་ ༥ ཆགས་ཡོད་པ་དང་། དེ་ནི་འཛམ་གླིང་སྟེང་དྲག་གནོན་དང་སྒེར་གཅོད་ཆེ་ཤོས་ཀྱི་རྒྱལ་ཁབ་ཆགས་ཡོད་ལ། རྒྱལ་ཁབ་དེའི་ནང་མུ་མཐུད་གསར་འགོད་པར་སྡུག་སྦྱོང་གཏོང་བཞིན་ཡོད། སི་རི་ཡའི་ཟིང་འཁྲུག་མཚམས་ཆད་མེད་ལ། དེ་ནི་གསར་འགོད་པའི་ཚེ་སྲོག་ལ་རྒོལ་བའི་རྒྱལ་ཁབ་ཅིག་ཆགས་ཡོད་པ་དང་། སི་རི་ཡའི་རྗེ་ཧ་ཌེ་ (Jihadi) གྱེན་ལོག་ཤོག་ཁག་དང་སྲིད་དབང་སྒེར་གཅོད་པ་ཚོས་གསར་འགོད་པ་ཚོར་དམིགས་འབེན་དུ་བཟུང་ཡོད། སྤྱིར་གསར་འགོད་རང་དབང་ལ་འཇིགས་སྐུལ་བཏང་ཆོག་གི་མེད་ཀྱང་། འདས་པའི་ལོ་ངོ་ ༥ ནང་རྒྱལ་སྤྱིའི་སྟེང་གསར་འགོད་རང་དབང་ལ་དྲག་གནོན་དང་རྡོག་རོལ་བཏང་ཚད་བརྒྱ་ཆ་ ༡༤ འཕར་ཡོད་པ་དང་། འདས་པའི་ལོ་ངོ་འདི་དག་རིང་། འཛམ་གླིང་རྒྱལ་ཁབ་སུམ་ཆ་གཅིག་གི་ནང་གསར་འགོད་རང་དབང་ཉམས་རྒུད་ཆགས་ཡོད་པ་དང་། རྒྱལ་ཁབ་ཁག་མང་པོ་ཞིག་གི་ནང་གསར་འགོད་རང་དབང་གི་གནས་བབ་བརྒྱ་ཆ་ ༢.༣ སྡུག་ཏུ་ཕྱིན་འདུག
ཡ་མིན་ (Yemen) དང་སི་རི་ཡའི་ (Syria) ཟིང་འཁྲུག་དང་འབྲེལ་བའི་དཀྱིལ་ཤར་ཡུལ་གྲུ་ཁག་དང་བྱང་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་ནི་འཛམ་གླིང་སྟེང་གསར་འགོད་པར་འཇིགས་ཉེན་ཆེ་ཤོས་ཨང་དང་པོ་ཆགས་ཡོད་ལ། ཡོ་རོབ་ཤར་རྒྱུད་དང་ཨེ་ཤ་ཡའི་དབུས་རྒྱུད་རྒྱལ་ཁབ་ཁག་ནི་འཛམ་གླིང་སྟེང་གསར་འགོད་རང་དབང་མེད་པའི་གནས་སྟངས་སྡུག་ཤོས་ཨང་གཉིས་པ་ཆགས་ཡོད་པ་དང་། རྒྱལ་ཁབ་དེ་དག་གི་སུམ་ཆ་གཅིག་གི་ནང་གསར་འགོད་རང་དབང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། ༢༠༡༦ ལོར་ཨུ་རུ་སུའི་ནང་གི་གསར་འགོད་རང་དབང་དང་བསྡུར་ན། ཊུར་ཀི་སི་ཐན་གྱི་གསར་འགོད་རང་དབང་ཇེ་སྡུག་ཏུ་ཕྱིན་ཡོད་པ་མ་ཟད། ཊུ་རྗེ་ཀེ་སི་ཐན་ (Tajikistan) ཊུར་ཀི་མཱི་ནེ་སི་ཐན་ (Turkmenistan) སོགས་ནང་གསར་འགོད་རང་དབང་ལ་སྟངས་འཛིན་དང་དྲག་གནོན་སྲིད་ཇུས་ལག་བསྟར་བྱེད་ཀྱིན་ཡོད། རྒྱལ་སྤྱིའི་གསར་འགོད་རང་དབང་གི་ཟིན་ཐོའི་ནང་། ཞི་བདེ་རྒྱ་མཚོའི་མངའ་ཁུལ་ཁག་ནི་གསར་འགོད་རང་དབང་རྡོག་རོལ་བཏང་བའི་གནས་སྟངས་སྡུག་ཤོས་ཨང་གསུམ་པ་དེ་ཆགས་ཡོད་པ་དང་། ཝེ་ཋི་ནམ་དང་རྒྱ་ནག་གཉིས་གཉིས་ནི་འཛམ་གླིང་སྟེང་གསར་འགོད་པ་དང་སྒེར་ཚུགས་དྲ་ཚིགས་གཉེར་མཁན་ཚོ་བཀག་བསྐྱིལ་བྱེད་སའི་བཙོན་ཁང་མང་ཤོས་ཀྱི་རྒྱལ་ཁབ་གཉིས་ཆགས་ཡོད། པ་ཀི་སི་ཐན་དང་ཧྥེ་ལེ་ཕེན། བྷང་ལ་དྷི་ཤཱི་བཅས་ནི་གསར་འགོད་པར་ཉེན་ཁ་ཆེ་ཤོས་རྒྱལ་ཁབ་ཁག་ཅིག་ཆགས་ཡོད་པ་མ་ཟད། རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ཚུད་པའི་རྒྱལ་ཁབ་དེ་དག་ནི་འཛམ་གླིང་སྟེང་སྲིད་དབང་སྒེར་གཅོད་བྱེད་མཁན་གཙོ་བོ་ཆགས་ཡོད་པ་རེད། ཨ་ཧྥི་རི་ཁའི་ནང་། སྲིད་འཛིན་འོས་བསྡུ་དང་མི་མང་གི་ངོ་རྒོལ་ཁྲོམ་སྐོར་སྐབས་སུ་བརྒྱུད་ལམ་ཁག་ལ་སྟངས་འཛིན་ནན་མོ་བྱས་ཡོད་པ་དང་། མི་ནག་གི་མི་རིགས་མང་བའི་ཁུ་བྷ་རྒྱལ་ཁབ་ནི་སྲིད་དབང་སྒེར་གཅོད་དང་སྒེར་འཛིན་བྱེད་མཁན་ཨེ་ཤ་ཡ་དང་དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་ཁག་གི་གྲས་སུ་ཚུད་ཡོད། འདས་པའི་ལོ་ངོ་ ༥ ཡི་སྔོན་གྱི་གནས་སྟངས་དང་བསྡུར་ན། ད་ཆར་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁག་དང་བྷལ་ཀན་སི་ (Balkan) མངའ་ཁུལ་རྒྱལ་ཁབ་ཁག་ནང་གསར་འགོད་རང་དབང་བརྒྱ་ཆ་ ༣.༨ ཡར་རྒྱས་ཕྱིན་ཡོད་འདུག ད་ལོར་ནེ་ར་གྷུ་ (Nicaragua) ནང་གསར་འགོད་རང་དབང་གི་གནས་སྟངས་བརྒྱ་ཆ་ ༡༧ དང་། ཊན་ཙི་ནེ་ཡ་ (Tanzania) ནང་བརྒྱ་ཆ་ ༡༢ མར་ལྷུང་ཡོད་པ་དང་། གྷམ་བྷེ་ཡ་ (Gambia) དང་ཁོ་ལོམ་བྷེ་ཡ་ (Colombia) གཉིས་ནང་གསར་འགོད་རང་དབང་གི་གནས་སྟངས་བརྒྱ་ཆ་ ༢ དང་བརྒྱ་ཆ་ ༥ ཡར་རྒྱས་ཕྱིན་ཡོད། ༢༠༠༢ ལོ་ནས་ལོ་རེ་བཞིན་རྒྱལ་མཚམས་མེད་པའི་གསར་འགོད་ལྷན་ཚོགས་ (RSF) ཀྱི་ངོ་ནས་འཛམ་གླིང་རྒྱལ་ཁབ་ ༡༨༠ ལྷག་ནང་རྒྱལ་སྤྱིའི་གསར་འགོད་རང་དབང་གི་གནས་སྟངས་ལ་ཞིབ་འཇུག་བྱས་ཏེ་དང་ལེགས་ཉེས་ཀྱི་ཨང་རིམ་རེའུ་མིག་ཏུ་འགོད་བཞིན་ཡོད་ལ། ༢༠༡༧ ལོའི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་གནས་ཚད་རེའུ་མིག་དེ་ ༢༠༡༦ ཟླ་ ༡༢ ཚེས་ ༣༡ ནས་ ༢༠༡༧ ཟླ་ ༡ ཚེས་ ༡ བར་གསར་འགོད་རང་དབང་ལ་རྡོལ་རོལ་བཏང་བའི་གནས་ཚུལ་གཞིར་བཟུང་ཡོད།

Leave a Reply

Your email address will not be published. Required fields are marked *