ངོ་སྤྲོད།

ཚེམ་ཁང་ངོ་སྤྲོདམདོར་བསྡུས།
དེ་ཡང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགསས་པའི་ཚེམ་ཁང་ནི་ཕྱི་ལོ་༡༩༩༡ཙམ་ལ་ དབུ་འཛུགས་བྱས་ཞིང་། ད་ལྟའི་ཆར་ཚེམ་པོ་བ་༡༥དང་ཚེམ་དྲས་པ་༣བཅས་ཀྱིས་གྲུབ་པ་ཞིག་ཡིན། ཚེམ་ཆས་གཙོ་བོ་ཆོལ་ཁ་གསུམ་ཀྱི་ཆ་ལུགས་གཙོ་བྱས་པའི་གྱོན་ཆས་སྣ་ཚོགས་དང་། ལྟོ་ཕད་སྣ་ཚོགས། སྒོར་ཁུག་དང་ཁུག་མ་ཆུང་ངུའི་རིགས་སྣ་ཚོགས། སྒོ་ཡོལ་དང་དར་ལྕོགས་ཆེ་ཆུང་། བོད་ཀྱི་རྒྱལ་དར་ཆེ་ཆུང་བཅས་འཚེམ་བཟོ་བྱེད་ཀྱི་ཡོད་ཅིང་། དེ་དག་གི་རྒྱུ་ཆ་ཚད་ལྡན་ཤ་སྟག་ཡིན་པ་དང་། ཁ་ཤས་ཤིག་ལག་འཚེམ་རང་བྱེད་ཀྱིན་ཡོད་སྟབས་མི་མང་གིས་དགའ་མོས་ཞེ་དྲགས་བྱེད་ ཀྱིན་ཡོད་པ་མ་ཟད། ཕྱིའི་རྒྱལ་ཁབ་མང་དག་ཅིག་ཏུ་ཕྱི་འཚོང་ཡང་བྱེད་ཀྱིན་ཡོད་ལ་དེ་དག་ཡོང་འབབ་ ཀྱིས་ཆབ་སྲིད་ཚོགས་པ་འདི་ཉིད་ཀྱི་དམིགས་ཡུལ་ལ་མཐུན་སྦྱོར་བྱེད་ཀྱིན་ཡོད་ པའོ།། ད་དུང་མངག་ཉོ་གནང་མཁན་གྱི་འདོད་མོས་ལྟར་རས་གུར་སྣ་ཚོགས་བཟོས་དང་བཟོ་བཞིན་ ཡོད་སྟབས་རྒྱ་ཆེའི་མང་ཚོགས་ཀྱི་དགོས་མཁོ་ནང་བཞིན་འདི་གར་འབྲེལ་གཏུགས་གནང་ བའི་རེ་བ་དང་བཅས།།