དགེ་འདུན་པ་ཞིག་གིས་རང་ལུས་མེར་བསྲེགས་བཏང་འདུག

      November 29, 2017:43 AM

གསར་འགྱུར་རྒྱུད་ལམ་ཁག་གི་ནང་གནས་ཚུལ་ཐོན་པར་གཞིགས་ན།སྤྱི་ལོ་ ༢༠༡༧  ཟླ་ ༡༡ ཚེས་ ༢༦ ཉིན་ཁམས་དཀར་མཛེས་རྫོང་ནས་ཡིན་པའི་དགེ་འདུན་པ་བསྟན་དགའ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་མི་རིགས་ལ་འཛིན་པའི་བཙན་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཐོན་འདུག  དེ་ཡང་ཁོང་གིས་དེ་ཉིན་རང་ལུས་མེར་བསྲེགས་གཏོང་ཞོར་དུ་ཁ་ནས་རང་དབང་དགོས་ཞེས་སྐད་འབོད་བྱས་ཡོད་པ་དང།  ཡུད་ཙམ་སོང་རྗེས་ས་གནས་ཉེན་རྟོག་དང་དམག་མི་སོགས་འབོར་ཆེན་ཞིག་སླེབས་ནས་ཁོང་གི་སྐུ་ཕུང་བཙན་འཁྱེར་བྱས་ཡོད་པ་མ་ཟད།  དེ་ཁུལ་དུ་ཉེན་གཟོན་དང་དམ་དྲག་ཤིན་ཏུ་ཆེན་པོའི་འོག་གནས་ཡོད་པའི་གནས་ཚུལ་ཐོན་བཞིན་འདུག ས་གནས་དེ་ནི་དཀར་མཛེས་རྫོང་མདའ་མདོ་ཚོ་ཡིན་པ་དང་ད་ཆ་གྲོང་ཚོ་ཁྱོན་ཡོངས་ནང་དམག་མི་འགྲེམས་འཇོག་བྱས་པའི་དབང་གིས་སྐུ་ཕུང་ནང་མིར་རྩིས་སྤྲོད་བྱས་ཡོད་མེད་དང་། དེ་བཞིན་ཁོང་གི་ཁྱིམ་ཚང་གི་གནས་ཚུལ་སོགས་ཞིབ་ཕྲ་ཅི་ཡང་ཤེས་རྟོགས་མེད་པར་ལུས་འདུག

བསྟན་དགའ་ལགས་ནི་ད་ལྟ་དགུང་གྲངས་ ༦༣ ལ་ཕེབས་ཡོད་པ་དང།  ཆུང་དུས་ནས་ཕ་མ་གཉིས་འདས་གྲོངས་སོང་ཡོད་པ་དང། ཁོང་ལ་བུ་སྤུན་བཞི་ཡོད་པའི་ནང་ནས་གཅིག་ཨ་རིར་ཡོད་པ་དང་གཞན་གཉིས་ལྷ་སར་ཡོད་འདུག དུས་རྒྱུན་ཁོང་ས་གནས་དེ་ཁུལ་ཞབས་བརྟན་སོགས་རྒྱུག་ནས་གནས་མུས་ཡིན་པ་དང།དེ་སྔ་དཀར་མཛེས་དགོན་དུ་སློབ་གཉེར་གནང་མྱོང་བ་ཞིག་ཀྱང་རེད་འདུག

 

 

Leave a Reply

Your email address will not be published. Required fields are marked *