དགེ་འདུན་པ་འཇམ་དཔལ་རྒྱ་མཚོར་ཁྲིམས་ཐག་བཅད།

      August 2, 2016:24 AM

༄༅། །ཁ་སང་ཕྱི་ཚེ་ ༡ ཉིན་བོད་མདོ་སྨད་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་འཇམ་དཔལ་རྒྱ་མཚོར་རྒྱ་གཞུང་གིས་ལོ་ ༣ གྱི་ཁྲིམས་ཆད་བཅད་ཡོད་འདུག

jamPal JamTsoདེ་ཡང་། འདི་ག་བོད་ཀྱི་དུས་བབ་གསར་ཁང་དུ་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན། བོད་མི་ཞི་རྒོལ་བ་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་ན་ནིང་སྟེ་ཕྱི་ལོ་ ༢༠༡༥ ལོའི་ཕྱི་ཟླ་ ༩ ཚེས་ ༩ ཉིན་རྔ་བ་རྫོང་ཐོག་ཏུ་༸གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་ཐོད་ལ་ཕྱར་ཏེ་བོད་ལ་རང་དབང་དགོས། རྒྱལ་དབང་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་ངོ་རྒོལ་སྐད་འབོད་ཀྱིས་གོམས་བགྲོད་གནང་ཡོད་པ་དང་། ཅུང་ཙམ་ལས་མ་ཕྱིན་པར་ས་གནས་ལྟ་སྲུང་ཉེན་རྟོག་པས་ཁོང་བཙན་ཁྲིད་བྱས་ཡོད་པ་མ་ཟད་། རྒྱ་གཞུང་གིས་ས་གནས་སུ་དམག་མི་མང་པོ་བཀྲམས་ནས་སྔར་ལས་ལྷག་པའི་དམ་བསྒྲགས་ཆེ་རུ་བཏང་བ་དང་། ཁོང་གི་གྲྭ་ཤག་ཏུའང་སྔོག་བཤེར་ནན་པོ་བྱས་ཡོད་འདུག

དགེ་འདུན་པ་འཇམ་དཔལ་རྒྱ་མཚོ་ལགས་འདས་ལོའི་ཕྱི་ཟླ་ ༩ ཚེས་ ༩ ནས་ཁ་སང་སྟེ་ཕྱི་ལོ་ ༢༠༡༦ ལོའི་ཕྱི་ཟླ་༨ ཚེས་ ༡ བར་ཟླ་བཅུ་གཅིག་ཙམ་གྱི་རིང་བཀག་ཉར་འོག་མནར་གཅོད་མྱངས་རྗེས། ཁ་སང་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ད་ལྟ་ཟི་ཁྲོན་ཁྲིན་ཏུའུ་མོ་ཞན་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག

དགེ་འདུན་པ་འཇམ་དཔལ་རྒྱ་མཚོ་ལགས་ནི་རྔ་བ་རྫོང་རྨེ་རུ་མ་རུ་ཆེན་གསུམ་པ་ནས་ཡིན་ཞིང་། རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་ཞིག་ཡིན་འདུག

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་རྩོམ་སྒྲིག་པས།

Leave a Reply

Your email address will not be published. Required fields are marked *