བཀྲིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་བཀག་འགོག་བྱས་འདུག

      June 14, 2019:19 AM

རྒྱུད་ལམ་ཁག་གི་ནང་གནས་ཚུལ་ཐོན་པར་གཞིགས་ན།བོད་ཀྱི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་སུ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་བཏང་བའི་ཉེས་མིང་འོག་སྔ་ལོ་ཁོང་ལ་མི་ལོ་ ༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ནས་ལོ་གཅིག་ཙམ་འགྲོ་གི་ཡོད་པ་དང།དུས་ཡུན་དེའི་རིང་ཁོང་གིས་བཙོན་ཁང་ནང་དཀའ་སྡུག་ཇི་ཙམ་མྱངས་པ་ནི་ང་ཚོས་ཚོད་དཔག་བྱེད་ཐབས་བྲལ་བ་ཞིག་ཡིན་པ་དང། ཁོང་གི་ཁྲིམས་རྩོད་པས་ཁོང་ཐུག་འཕྲད་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་ཀྱང་རྒྱ་ནག་གཞུང་གིས་ཐུག་འཕྲད་ཀྱི་གོ་སྐབས་སྤྲད་མེད་པ་མ་ཟད། དུས་ཡུན་དེའི་རིང་ཁོང་གི་པ་ལགས་འདས་གྲོངས་སོང་བའི་གནས་ཚུལ་དེ་བཙོན་ཁང་གི་སྒོ་སྲུང་བ་རྒྱུད་ནས་ཁོང་ལ་བརྡ་ལན་འཕྲོད་ཐབས་དགོས་པའི་མངགས་བྱ་གནང་ཡོད་ཅེས་ཁོང་གི་ཁྲིམས་རྩོད་པས་བརྗོད་ཡོད་པ་རེད། སྐུ་ཞབས་བཀྲིས་དབང་ཕྱུག་ལགས་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དགོས་པའི་ལས་འགུལ་དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ཙམ་མ་ཟད། རྒྱ་ནག་གི་ཁྲིམས་ལུགས་ཐོག་ནས་བལྟས་ནའང་ཁྲིམས་མཐུན་ཞིག་ཡིན་ནའང།  རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་བའི་གཏོང་བའི་ལས་འགུལ་ཡིན་པའི་འཁྱོགས་བཤད་ཀྱི་ཐོག་ནས་ཁོང་ལ་མི་ལོ་ལྔ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་པ་དེར་རྒྱལ་སྤྱིའི་སྤྱི་ཚོགས་དང་། བོད་དོན་རྒྱབ་སྐྱོར་བ་སོགས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོས་ངོ་རྒོལ་བྱེད་བཞིན་ཡོད་པ་མ་ཟད། དུས་ད་ལྟའང་ཁོང་མགྱོགས་ནས་མྱུར་དུ་བཙོན་ཁང་ནས་གློད་བཀྲོལ་དགོས་པའི་ལས་འགུལ་ཡང་མང་དག་ཞིག་སྤེལ་མུས་ཡིན་པ་རེད། སྔ་ལོ་ཟླ་བ་བཅུ་གཅིག་པའི་ནང་རྒྱ་ནག་གཞུང་གིས་ཁོང་གི་བུ་ཕྲུག་ཚོ་བཙོན་ཁང་དུ་ཁོང་ཐུག་འཕྲད་བྱེད་དུ་བཅུག་ཡོད་ཀྱང་གནས་ཚུལ་དེ་ཕྱི་ཕྱོགས་སུ་ཤེས་རྟོགས་བྱེད་དུ་བཅུག་གི་མེད་སྐོར་ཁོང་གི་ཁྲིམས་རྩོད་པས་གསུངས་ཡོད།མ་ཟད་ཁོང་གི་ཁྲིམས་རྩོད་པས་ད་ལྟ་ཁོང་བཙོན་ཁང་ནང་ཐུག་འཕྲད་དུ་བྱེད་དུ་བཅུག་གི་མེད་སྟབས་ཁོང་གི་གཟུགས་གཞིའི་གནས་སྟངས་སོགས་གང་འདྲ་ཡིན་མིན་ང་ཚོས་གཏན་ནས་ཤེས་ཀྱི་མེད་སྟབས་ང་ཚོས་ད་ཆ་ཁོང་གི་ཆེད་དུ་ག་རེ་བྱེད་དགོས་མིན་ཐད་ཧ་ཅང་ཁག་པོ་ཆགས་ཡོད་ཅེས་འགྲེལ་བརྗོད་བྱས་ཡོད།

Leave a Reply

Your email address will not be published. Required fields are marked *