བཙན་བྱོལ་བ་ན་གཞོན་ཞིག་གིས་རང་ལུས་མེར་བསྲེགས།     

      July 15, 2017:39 AM

སྤྱི་ལོ་ ༢༠༡༧ཟླ་༧ཚེས་༧ཚེས༡༤ཉིན་ཝ་ར་ཎ་སི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་མ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་<<བོད་ལ་རང་དབང་དགོས་>>  ཞེས་སྐད་འབོད་རྒྱབ་ནས་རང་ལུས་མེར་བསྲེགས་བཏང་བ་དང།  ཁོང་ནི་དབུ་མ་གོང་མའི་འཛིན་རིམ་དང་པོའི་སློབ་ཕྲུག་ཡིན་པ་དང།  ཁོང་གིས་སློབ་གྲྭའི་རྒྱལ་སྒོའི་འགྲམ་དུ་རང་ལུས་མེར་བསྲེགས་བཏང་བ་དང་།   ད་ལྟ་ཁོང་ནི་རང་ལོ་  ༢༠  ཙམ་ཡིན་འདུག  ཁོང་ནི་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་ནས་ཡི་པ་དང།་   ཁོང་ད་ལྟ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་ཅིང་མེ་ལྕེ་འབར་ཤུགས་ཆེ་བའི་དབང་གིས་ཁོང་གི་གཟུགས་པོའི་རྒྱ་ཆ་ལྔ་བཅུ་ལྷག་ཙམ་འཚིས་ཟིན་པར་རྟེན་ཉེན་ཁ་ཧ་ཅང་ཆེན་པོའི་འོག་གནས་ཡོད།

ཁོང་གིས་འཛིན་གྲོགས་གཅིག་པར་བཞག་པའི་ཞལ་ཆེམས་ཀྱི་ཡི་གེའི་ནང་འདི་ལྟར་འཁོད་ཡོད་པ་སྟེ།  ཧེ།  ངས་ཁྱེད་རང་ངའི་གྲོགས་པོ་ཡག་ཤོས་དེ་ཡིན་པ་ལབ་མེད།  སྐུ་མཁྱེན་མ་ངུ་རོགས།  ངའི་ཕ་མ་གཉིས་ལ་མ་བཤུམ་རོགས་ཞེས་ཞུ་རོགས།  གལ་ཏེ་ཁོང་རྣམས་ཀྱིས་བཤུམས་ན་ངའི་རྣམ་ཤེས་སྡུག་སྔལ་ལ་ལྷུངས་ངེས།  ཉལ་ཁྲིའི་གདན་ཁེབས་དེ་ཞག་བཞི་དགུ་པར་བཞག་རོགས།   ངའི་ལུས་བོད་དང་བོད་མི་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་སྦྱང་དགོས་པ་བློ་མིག་འབྱེད་ཆེད་ཡིན།  ངས་ཁྱེད་ཀྱི་འཛིན་གྲོགས་རྣམས་དྲན།  སྐྱིད་པོ་བྱས་ནས་བཞུགས།  ང་ཚོ་སྐྱེ་བ་ཕྱི་མར་མཇལ་ཡོང།   ངའི་པ་ལགས་ཀྱི་ཞལ་པར་ཨང་གྲངས་ ༩༥༣༨༠༢༢༧༨༤  འདི་རེད། ངའི་རྣ་ལྕོག་མཉེན་ཆས་དེ་ཁྱེད་རང་གི་ཆེད་ཡིན།  དགོངས་དག་ངས་ཁྱེད་ཀྱི་པཱ་ལག་འདས་པོར་ཡང་ལྭ་ཞིག་ཀྱང་འབུལ་ཐུབ་མ་སོང།  ཁོང་གི་ཞག་བཞི་དགུ་ཟླ་བ་བདུན་པའི་ཚེས་ཉེར་གསུམ་ཉེར་བཞི་ཙམ་ལ་ཡིན་པ་ཡོད།   སྐུ་མཁྱེན།  མ་ངུ་རོགས།  ཚང་མར་ངའི་ལུས་བོད་ཀྱི་ཆེད་ལབ་རོགས། བྱང་ཆུབ་ཀྱིས་ང་ལ་རོགས་པ་གང་མང་གནང་བར་ཐུགས་རྗེ་ཆེ་ཞུ།  ཁྱེད་རྣམས་དྲན།  ཐུག་བཅག་གནང་།  འཛིན་གྲོགས་བསྟན་འཛིན་ཆོས་དབྱིངས།  ངས་རང་ཉིད་བོད་ཀྱི་ཆེད་མེར་བསྲེགས་པ་ཡིན།  ཚོང་གི་ཆེད་མིན།  ང་ལ་སྨོན་ལམ་རྒྱག་རོགས། སྐྱེ་བ་ཕྱི་མ་ཕོ་ལུས་ཐོབ་ཆེད་ངས་རང་གི་ཆུ་ཚོད་མཚོན་མདོག་ནག་པོ་དེ་འཁྱེར་ཡོད།ཅེས་འཁོད་ཡོད།ཞལ་ཆེམས་ཀྱི་ཡི་གེ་དེ་ནི་མ་ཡིག་དབྱིན་ཡིག་ཐོག་ནས་ཕབ་སྒྱུར་བྱས་པའི་རྒྱུད་ལམ་ནང་འཁོད་དེ་རང་གསོར་བཞག་པ་ཡིན།

 

 

Leave a Reply

Your email address will not be published. Required fields are marked *