བོད་དུ་ཐང་དང་རྒྱ་གར་གནའ་ལམ་རྟགས་ཅན་གྱི་མེ་འཁོར་ཤར་གཏོང་བྱས་འདུག

      July 25, 2017:43 AM

སྤྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༢ ༥ཉིན་སྟེ་ད་ལྟ་རང་གསར་འགྱུར་ཐོན་པར་གཞིགས་ན། སྤྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༢༣ ཉིན་གྱི་ཚོུད་ ༡༣ ཐོག་བོད་ཀྱི་གྲོང་ཁྱེར་ལྷ་ས་ནས་གཞིས་རྩེ་གྲོང་ཁྱེར་བར་གྱི་མེ་འཁོར་ཤར་གཏོང་ཐུབ་པའི་གནས་ཚུལ་ཐོན་འདུགདེ་ནི་ཞི་ཅིང་ཕིང་གི་རྒྱུད་གཅིག་ལམ་གཅིག་ཞེས་པའི་དཔལ་འབྱོར་དང་ཚོང་འབྲེལ་གྱི་ཐབས་ཇུས་ཀྱི་གྲུབ་ཆ་དང་ཆ་ཤས་ཡིན་ལུགས་ཀྱང་འགྲེལ་བརྗོད་བྱས་འདུག མེ་འཁོར་དེ་ཤར་གཏོང་ཐུབ་པ་དེས་ལྷོ་ཤར་ཨེ་ཞེ་ཡའི་རྒྱལ་ཁབ་དང་མངའ་ཁུལ་ཕན་ཚུན་དབར་ལ་འབྲེལ་མཐུད་དང་འབྲེལ་ལམ་ཡར་རྒྱས་བཏང་ནས་ཚོང་འབྲེལ་དང་དཔལ་འབྱོར་སོགས་ཀྱི་ཐད་ཁེ་ཕན་ཆེན་པོ་ལུགས་འགྲེལ་བརྗོད་བྱེད་ཀྱི་ཡོད་ཀྱང། ཕྱོགས་གཞན་ཞིག་ནས་བལྟས་ན། རྩོད་རྙོགས་ཆེ་བའི་རྒྱ་ནག་གཉིས་ཀྱི་ས་འཚམས་ཀྱི་གདོང་གཏུགས་ཡོང་ཉེན་གྱི་གནས་སྟངས་ལ་གཞིགས་ན་དེ་ནི་རྒྱ་གར་བདེ་འཇགས་དང་བདེ་སྲུང་ཐོག་ནས་ཉེན་ཁ་ཞིག་ལོས་ཡིན། ལྕགས་ལམ་དེ་ད་ལྟ་བོད་ཀྱི་གཞིས་རྩེ་གྲོང་ཁྱེར་ནས་བལ་ཡུལ་བར་འབྲེལ་མཐུད་བྱ་རྒྱུའི་འཆར་གཞི་ཡོད་པ་དང། ཐ་ན་བལ་ཡུལ་ནས་རྒྱ་གར་ལ་འབྲེལ་མཐུད་བྱ་རྒྱུའི་འཆར་གཞི་ཡང་ཡོད་འདུག དེ་ཡང་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་ནང། ཐང་དང་། བོད། རྒྱ་གར་བཅས་ཀྱི་གནའ་ལམ་དེ་དེང་དུས་ཀྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་ཁྲང་ཨན་ནས་ཐོན་དེ་ད་ལྟའི་ཧྲན་ཤིའི་དང། མཚོ་སྔོན། བོད་ལྗོངས་སོགས་བརྒྱུད་དགོས་པ་དང། སྐྱིད་གྲོང་འགག་སྒོ་གྲོལ་རྗེས་བལ་ཡུལ་དུ་སླེབས་ཀྱི་ཡོད་པ་དང། དེ་རྗེས་རྒྱ་གར་ལ་འབྱོར་གྱི་ཡོད་པ་དེ་ནི་གནའ་བོའི་ས་མཐོའི་དར་གོས་ལམ་བུའི་གྲུབ་ཆ་གལ་ཆེན་རེད་ཅེས་བརྗོད་ཡོད། དེ་དང་ཆབས་ཅིག་མེ་འཁོར་ནང་གི་ཆ་རྐྱེན་དང་སྒྲིག་ཆས་སོགས་ཀྱང་ཧ་ཅང་དང་དོད་དང་དོ་སྣང་ཆེན་པོ་བྱས་ཡོད་པ་སྟེ། མེ་འཁོར་ནང་དེང་དུས་ཀྱི་ཨར་ཁང་དང། ཁོའོ་ཧྤེང་ཁང། རོལ་དབྱངས་ཁང་སོགས་གསར་འཛུགས་བྱས་ཏེ་འགྲུལ་པའི་སིལ་ཟས་དང། ཁོའོ་ཧྤེ། ནང་འདྲེན་སྦི་རག་སོགས་མཁོ་འདོན་བྱས་ཡོད་ལ། དེ་བཞིན་འཁོར་སྒྲོམ་གྱི་ཟུར་ཞིག་ལ་འགྲུལ་པ་དཔེ་དེབ་ཀློག་སའི་དཔེ་ཁང་དང་བྲེན་ཁ་རྒྱུག་པའི་བརྩམས་སྒྲུང་དང་རིག་གནས་ཡུལ་སྐོར་སྐོར་གྱི་དཔེ་དེབ་སྣང་ཚོགས་བལྟ་ཀློག་བྱེད་ས་དང། ཁ་ལག་ཟས་ཚར་རྗེས་འགྲུལ་པ་རྣམས་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གཞས་དང་ཞབས་བྲོ་སོགས་ཀྱང་འཁྲབ་སྟོན་བྱེད་ཀྱི་ཡོད་འདུག

Leave a Reply

Your email address will not be published. Required fields are marked *