བོད་ནང་གི་རང་བསྲེེགས་དང་རྒྱལ་ཚོགས་ནང་གི་སྐྱོན་བརྗོད།

      November 7, 2018:29 AM

གསར་འགྱུར་རྒྱུད་ལམ་ཁག་གི་ནང་གནས་ཚུལ་ཐོན་པར་གཞིགས་ན། ཁ་སང་སྤྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ཉིན་ ༤ ཉིན་ཨ་མདོ་རྔ་པ་དགོན་པའི་ནང་རང་མིང་འདོན་འདོད་མེད་པའི་གྲྭ་པ་ཞིག་ནས་ཨ་རིའི་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པར་གཞིགས་ན།  ས་གནས་དེ་གའི་དུས་ཚོད་ཟླ་ ༡༡ ཚེས་ ༤ ཉིན་ཨ་མདོ་རྔ་པའི་བོད་མི་ན་གཞོན་རྔོར་བྷེ་ཞུ་བ་ཞིག་གིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་བྱས་ཡོད་པ་དང།  རྒྱལ་དབང་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་བརྟན་ཞིང་གསེར་ཞལ་མྱུར་དུ་མཇལ་བ་ཤོག་ཅེས་ངག་ནས་སྐད་འབོད་བྱེད་ཞོར་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་ཡོད།  གནས་ཚུལ་འདི་ནི་ཉེ་བའི་ལོ་ཤས་རིང་བོད་ནང་རང་ལུས་མེར་བསྲེགས་ཀྱི་ཐོག་ནས་རྒྱ་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་བྱེད་པའི་ཞི་རྒོལ་རང་བསྲེགས་གནང་མཁན་ ༡༥༤  པ་དེ་ཆགས་ཡོད་ཅིང།  ད་རེས་རྡོར་བྷེ་ལགས་ནས་རང་ལུས་མེར་བསྲེགས་གཏོང་བའི་དུས་ཚོད་དེ་ནི་སུད་སེ་གྲོང་ཁྱེར་ཇི་ནེ་ཝ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཐོག་སྟོབས་ཆེའི་རྒྱལ་ཁབ་ ༡༢ ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་། ལྷག་པར་དུ་བོད་དང་ཤར་ཏུ་ཀི་ཐོན་ཐོག་འཛིན་པའི་སྲིད་ཇུས་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་དང།  མ་ཟད་ཆོས་དད་རང་དབང་དང་༸གོང་ས་མཆོག་ལ་མཚན་སྨད་ཞུ་བ་དང་ཁོང་གི་སྐུ་པར་ཙམ་ཡང་ཉར་ཚགས་མི་ཆོག་པའི་གནད་དོན་མང་པོ་ཞིག་གི་ཐོག་སྐྱོན་བརྗོད་བྱས་པ་དེ་ནི་བདེན་པ་བདེན་ཐུབ་ཞིག་ཡིན་པ་ར་སྤྲོད་བྱུང་ཡོད།

 

Leave a Reply

Your email address will not be published. Required fields are marked *