བོད་མི་བཅུ་ལ་ཁྲིམས་ཐག་བཅད་པ།

      December 7, 2016:59 AM

ཉེ་ཆར་རྔ་པ་རང་སྐྱོང་ཁུལ་འབར་ཁམས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་བོད་མི་བཅུ་ལ་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་འདུག %e0%bc%a1%e0%bc%a2%e0%bc%a3 བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན།  ཉེ་ཆར་རྔ་པ་འབར་ཁམས་མི་མང་ཁྲིམས་ཁང་ཟེར་བས་བོད་མི་སྐྱ་སེར་མི་གྲངས་བཅུ་ལ་ལོ་༥་ནས་  ༡༤  བར་གྱི་ཁྲིམས་ཐག་བཅད་འདུག དེ་ཡང་རང་ལོ་ ༥༠ ཡིན་པའི་རྔ་པ་ཀིརྟི་དགོན་གྱི་གྲྭ་འབྲུག་གྲགས་ལགས་ལ་ལོ་ ༡༤ ཡི་ཁྲིམས་ཐག་བཅད་ཡོད་པ་དང།  ཁོང་ནི་སྤྱི་ལོ་ ༢༠༡༥ ཟླ་ ༡༡ ཟླ་མཇུག་ཙམ་ལ་རྒྱ་གཞུང་འབྲེལ་ཡོད་ཚན་པས་འཇུ་བཟུང་བྱས་ཡོད་ཅིང་།  དེ་ཡང་༸གོང་ས་མཆོག་གི་སྐུ་ཡི་གྱ་སྟོན་སྐབས་སྤྲོ་སྐྱིད་ཀྱི་བྱེད་སྒོ་གོ་སྒྲིག་བྱས་པའི་དོགས་གཞིའི་འོག་འཇུ་བཟུང་བྱས་པ་དང།  མ་ཟད་ཁོང་ནི་སྤྱི་ལོ་ ༢༠༠༨ ལོར་འཇུ་བཟུང་གིས་ལོ་གཅིག་དང་ཟླ་བ་བཞི་ཙམ་བཙོན་འཇུག་བྱས་པ་ཞིག་ཀྱང་རེད་འདུག  རང་ལོ་ ༤༤ ཡིན་པའི་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་མཁས་གྲུབ་ལགས་སུ་མི་ ༡༣ གྱི་ཁྲིམས་ཐག་བཅད་འདུག  ཁོང་ནི་༸གོང་ས་མཆོག་གི་སྐུ་ཡི་གྱ་སྟོན་སྐབས་སྐད་འཕྲིན་ནང་ཞབས་བརྟན་བསྒྲུབས་ཐོ་ལེན་སའི་ཚོགས་པ་བཙུགས་པའི་དོགས་གཞིའི་འོག་འཇུ་བཟུང་བྱས་པ་ཞིག་རེད་འདུག སྤྱི་ལོ་  ༢༠༡༡ ལོར་ཁོང་འཇུ་བཟུག་གིས་མི་ལོ་ ༣ གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང། ནད་གཞིས་རྐྱེན་པས་རང་མགོ་མ་ཐོན་པའི་གནས་སྟངས་འོག་ལོ་དུས་མ་རྫོགས་གོང་ནས་གློད་བཀྲོལ་ཐོབ་ཡོད་པ་དང།  ནང་མི་སོགས་ནས་སྨན་བཅོས་ཀྱི་ཆེད་འགྲོ་གྲོན་མང་པོ་བཏང་བའི་མཐར་ནད་གཞི་ཅུང་ཟད་དྲག་སྐྱེས་བྱུང་བའི་གནས་ཚུལ་འདུག

རང་ལོ་  ༢༩  ཡིན་པའི་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་དགེ་ལེགས་ལགས་སུ་ལོ་ ༡༢  གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག  ཁོང་ནི་སྤྱི་ལོ་༢༠༡༥  ཟླ་ ༡༡  ཚེས་  ༣༠  ཉིན་གྱི་མཚན་མོ་དགོན་པའི་རང་ཤག་ནས་འཇུ་བཟུང་བྱས་པ་ནས་ཉེ་ལམ་ཟླ་གཅིག་གོང་བར་གར་ཡོད་ཅིང་བྱུང་གི་གནས་ཚུལ་ཤེས་རྟོགས་མ་ཐུབ་པར་ལུས་ཡོད་འདུག  ཁོང་སྤྱི་ལོ་  ༢༠༡༡  ཟླ་  ༥  པར་འཇུ་བཟུང་གིས་བཀག་ཉར་བྱས་མཐར་མི་ལོ་  ༣  གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང།   སྤྱི་ལོ་  ༢༠༡༣  ལོའི་ལོ་མཇུག་ཏུ་སྔ་སྣུར་གྱི་གློད་བཀྲོལ་བཏང་ཡོད།  རང་ལོ་  ༤༡  ཡིན་པའི་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་གྲོས་ལགས་སུ་མི་ལོ་༩  ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག   ཁོང་ནི་སྤྱི་ལོ་  ༢༠༡༥  ལོའི་ལོ་མཇུག་ཙམ་ལ་དགོན་པའི་ནང་ནས་འཇུ་བཟུང་བྱས་ཏེ་ཉེ་ལམ་བར་གར་སོང་ཅི་བྱུང་གི་གནས་ཚུལ་ཤེས་རྟོགས་མ་ཐུབ་པར་ལུས་འདུག  ཁོང་ཡང་སྤྱི་ལོ་  ༢༠༡༡  ལོར་འཇུ་བཟུང་གིས་མི་ལོ་  ༢  ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་མྱོང་བ་ཞིག་རེད་འདུག  རང་ལོ་  ༤༨  ཡིན་པའི་ལྷ་སྡེ་འགབ་མའི་བོན་མཁོ་སྐྱིད་ལགས་སུ་མི་ལོ་ ༧  བཙོན་འཇུག་ཁྲིམས་ཐག་བཅད་འདུག  ཁོང་ཡང་སྤྱི་ལོ་༢༠༡༥  ལོའི་ཟླ་  ༡༡  ཚེས་  ༢༠  ཙམ་ལ་འཇུ་བཟུང་གིས་ཉེ་ལམ་བར་གང་སོང་ཅི་བྱུང་གི་གནས་ཚུལ་ཤེས་རྟོགས་མ་ཐུབ་པར་ལུས་འདུག  ༸གོང་ས་མཆོག་གི་སྐུ་ཡི་གྱ་སྟོན་སྐབས་རྔ་པ་ཁུལ་དུ་སྤྲོ་སྐྱིད་གོ་སྒྲིག་བྱས་པའི་དོགས་གཞིའི་འོག་འཇུ་བཟུང་བྱས་པ་ཞིག་ཡིན་འདུག་ཅིང།ཁོང་ཡང་སྤྱི་ལོ་  ༢༠༡༡  ལོ་ནས་སྤྱི་ལོ་  ༢༠༡༢  བར་འཇུ་བཟུང་བཀག་ཉར་བྱེད་མྱོང་བ་ཞིག་ཀྱང་རེད་འདུག  རང་ལོ་  ༣༥  ཡིན་པའི་མི་སྐྱ་ཨ་སྐྱ་ལགས་སུ་མི་ལོ་  ༥  ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག་ཀྱང།   ཁོང་ག་དུས་འཇུ་བཟུང་བྱས་པའི་ཞིབ་ཕྲའི་གནས་ཚུལ་ད་དུང་ཤེས་རྟོགས་བྱུང་མི་འདུག  དེ་ཡང་སྤྱི་ལོ་  ༢༠༡༡  ལོར་རྒྱལ་གཅེས་པ་བློ་བཟང་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེགས་གཏོང་སྐབས།  སྐད་འབོད་བྱས་པའི་རྐྱེན་གྱིས་འཇུ་བཟུང་བྱས་ཏེ་མི་ལོ་  ༣  གྱི་བཙོན་འཇུག་ཁྲིམས་ཐག་བཅད་མྱོང་བ་ཞིག་རེད་འདུག

གཞན་ཡང་སྤྲོ་ཚིག་ཡུལ་ཚོའི་རྔོ་བ་སྡེ་པའི་ཚུལ་ཁྲིམས་ལགས་སུ་མི་ལོ་  ༦  གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག་ཀྱང།  ཁོང་དེ་སྔ་སྤྲོ་ཚིག་དགོན་པའི་གྲྭ་པ་བྱེད་མྱོང་བ་ལས་དེ་མིན་གྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མི་འདུག  དེ་བཞིན་ཏཱ་རེ་ལགས་ལ་ལོ་ ༨  དང།  ཙན་དྲ་ལགས་ལ་ལོ ༨ ། ཚུལ་ཁྲིམས་ལགས་སུ་ལོ་  ༦ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་འདུག

Leave a Reply

Your email address will not be published. Required fields are marked *