བོད་མི་ཞི་རྒོལ་བ་ཞིག་གློད་བཀྲོལ་བཏང་འདུག

      May 12, 2017:53 AM

གསར་འགྱུར་རྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་པར་གཞིགས་ན།  སྤྱི་ལོ་ ༢༠༡༧  ཟླ་ ༥ ཚེས་ ༡༠ ཉིན་བོད་མི་ཞི་རྒོལ་བ་ཞིག་རྒྱ་གཞུང་གི་བཙོན་ཁང་ནས་གློད་བཀྲོལ་བཏང་འདུག  ཁོང་ནི་བོད་མདོ་སྨད་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་རྒྱ་མཚོ་ལགས་ཡིན་པ་དང།  སྤྱི་ལོ་  ༢༠༡༢  ལོའི་ཟླ་ ༢  ཚེས་ ༡༣ ཉིན་ཁོང་གིས་བོད་བསྟན་སྲིད་རང་དབང་གི་དོན་དུ་རང་ལུས་མེར་བསྲེགས་བཏང་ནས་རྒྱ་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་གནང་ཡོད་ཅིང།  ཁོང་ནི་སྤྱི་ལོ་  ༢༠༠༩ ལོ་ནས་བཟུང་ཞི་རྒོལ་རང་བསྲེག་གནང་མཁན་ ༢༡ པ་དེ་ཡིན་ཞིང།  ཁོང་གིས་ཞི་རྒོལ་རང་བསྲེག་བྱས་རྗེས་རྒྱ་གཞུང་འབྲེལ་མི་སྣས་འཇུ་བཟུང་གིས་མཐར་མི་ལོ་ལྔ་ཡི་ཁྲིམས་ཐག་བཅད་ནས་ཏཱ་ཡང་བཙོན་ཁང་ནང་བཙོན་འཇུག་བྱས་ཡོད།  མི་ལོ་ལྔ་ཡི་རིང་ཁོང་གིས་བཙོན་ཁང་ནང་དཀའ་སྡུག་དང་གནར་གཅོད་ཇི་ཙམ་མྱངས་པ་ནི་ང་ཚོའི་བློ་ངོར་གཤོངས་དཀའ་བ་ཞིག་དང།བཙོན་ནས་གློད་བཀྲོལ་བཏང་ཡོད་ཀྱང་ཁོང་གི་གཟུགས་གཞི་དང་སེམས་ཁམས་ཀྱི་གནས་སྟངས་སོགས་ང་ཚོར་ད་ལྟ་ཞིབ་ཕྲ་ཤེས་རྟོགས་ཐུབ་མེད།  ཁོང་གིས་རང་ལུས་མེར་བསྲེགས་གཏོང་སྐབས་རང་ལོ་ ༡༩ ཙམ་ལས་གསོན་མེད་པས།ཁོང་གིས་མི་རིགས་ལ་བཅངས་པའི་དུང་ཞེན་དང་ལྷག་བསམ་གྱི་སྙིང་སྟོབས་ནི་རི་རྒྱལ་ལས་དཔང་མཐོ་བ་ཞིག་རེད།

 

 

Leave a Reply

Your email address will not be published. Required fields are marked *