བོད་རང་སྐྱོང་ལྗོངས་ནང་གནམ་ཐང་བཅུ་འཛུགས་སྐྲུན་གྱི་འཆར་འགོད།

      July 20, 2019:25 AM

སྤྱི་ལོ་ ༢༠༡༨ ལོའི་ཟླ་ ༡༡ པར་བོད་རང་སྐྱོང་ལྗོངས་ནང་གཏན་འཁེལ་ཐག་གཅོད་བྱུང་བའི་འབྲེལ་ཡོད་གཞུང་འབྲེལ་གྱི་ཡིག་ཆར་བལྟས་ན། འབྱུང་འགྱུར་ལོ་ཤས་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་ཁྱབ་ཁོངས་སུ་གནམ་ཐང་གསར་པ་འགའ་ཤས་་གསར་རྒྱག་བྱ་རྒྱུའི་ཐག་གཅོད་བྱས་ཡོད་ཅིང།  དེའི་ཁོངས་སུ་ལྷ་ས་གྲོང་ཁྱེར་ཁོངས་གཏོགས་འཕན་པོ་ལྷུན་གྲུབ་རྫོང་དང་།  འདམ་གཞུང་རྫོང་།  གཞིས་རྩེའི་ཁོངས་གཏོགས་སུ་ཡོད་པའི་བོད་ཀྱི་མཐའ་འཚམས་གྲོ་མོ་རྫོང་དང་གཉའ་ལམ་རྫོང་། ལྷོ་ཁ་ས་ཁུལ་གཉལ་ལྷུན་རྩེ་རྫོང།  ཀོང་པོ་ཁུལ་གྱི་མེ་ཏོག་རྫོང། ཆབ་མདོའི་ཁོངས་གཏོགས་ཀྱི་དམར་ཁམས་རྫོང་དང་ཇོ་མདའ་རྫོང་བཅས་རེད།  གནམ་ཐང་དེ་དག་ལས་འགའ་ཤས་ལས་འགོ་བཙུགས་ཟིན་པ་རེད།

དང་པོ། ལྷ་སའི་གནམ་ཐང་གསར་པ།

ལྷ་ས་གྲོང་ཁྱེར་གྱི་ཁྱབ་ཁོངས་སུ་གནམ་ཐང་གསར་པ་ཞིག་གསར་སྐྲུན་བྱེད་མུས་ཡིན་པ་དང། གནས་ཡུལ་དངོས་ནི་འཕན་པོ་ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་རྡལ་དུ་གདམས་ཁ་བྱས་ཡོད།  སྤྱི་ལོ་ ༢༠༡༦ ལོ་ནས་ ༢༠༢༠ ལོར་ལེགས་གྲུབ་ཟིན་པ་བྱ་རྒྱུ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་ ༣༥༠ གཏོང་རྒྱུ་རེད།  དགའ་ལྡན་ཆོས་འཁོར་གྲོང་རྡལ་ནི་འཕན་པོ་ལྷུན་གྲུབ་རྫོང་མི་དམངས་སྲིད་གཞུང་གནས་ཡུལ་དང། ད་ཡོད་རྫོང་དེར་མི་གྲངས་ ༧༣༤༩ ཡོད།

གཉིས་པ། ནག་ཆུའི་གནམ་ཐང།

ནག་ཆུལ་ནི་བོད་ཀྱི་ས་བབ་མཐོ་ཤོས་ཀྱི་གནས་གྲས་ཤིག་ཡིན་པ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིས་ ༤༤༣༦ཡོད་པ་དང། ནག་ཆུང་ས་ཁུལ་སྡེ་ས་ཤང་དུ་ཡིན་པ་དང།གནམ་ཐང་དེས་ས་ཆ་བཟུང་ཚད་མུའུ་ ༣༥༠༠ ནས་ ༤༠༠༠ བར་ཟིན་གྱི་ཡོད་པ་དང།ད་ཡོད་འཆར་གཞི་ལྟར་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར་ ༡༨ གཏོང་རྒྱུའི་འཆར་འགོད་བྱས་ཡོད།

གཉིས་པ། འཛུགས་སྐྲུན་གྱི་རྒྱབ་ལྗོངས།

ས་གནས་དེ་དག་ལ་གནམ་ཐང་འཛུགས་སྐྲུན་བྱེད་པའི་རྒྱབ་ལྗོངས་ཐོག་ནས་བཤད་ན།།

གཉིས་པ། ལྷོ་ཁ་གཉན་ལྷུན་རྩེ་གནམ་ཐང།

སྤྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༦ ཉིན་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་དམངས་སྤྱོད་མཁའ་འགྲུལ་ཀུང་སི་ཐུན་མོང་ཐོག་ཚོགས་འདུ་སྐོང་འཚོགས་བྱས་ཏེ་བོད་ལྗོངས་ལྷོ་ཁ་གཉན་ལྷུན་རྩེ་རྫོང་དུ་གནམ་ཐང་གསར་རྒྱག་་བྱ་རྒྱུའི་ཐག་གཅོད་བྱས་ཡོད་ཅིང།ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་རྨིས་ ༣༩༠༠ ནས་ ༤༠༠༠ བར་ཡོད་པ་དང། སྤྱི་ལོ་ ༢༠༡༩ ལོར་དངོས་སུ་ལས་འགོ་འཛུགས་རྒྱུ་རེད།

Leave a Reply

Your email address will not be published. Required fields are marked *