བོད་སྡོད་རྒྱ་དཔོན་ཟུར་པ་ཁག་གཅིག་མཇུག་གཉིས་མཐུད་ཀྱིས་འཛིན་བཟུང་བྱས་པ།

      November 2, 2016:11 AM

a11རྒྱལ་སྤྱིའི་རྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བར་གཞིགས་ན།  སྤྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༣༠ ཉིན་རྒྱ་ནག་དབུས་ནང་སྲིད་ལྷན་ཁང་གི་བློན་ཆེན་ལི་རླིས་གོའོ་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་ཐོག་ནས་དབུས་སྒྲིག་བཤེར་ལྷན་ཁང་གིས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག  དེ་ནི་ཉེ་ཆར་རྒྱ་ནག་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཚོགས་རྗེས་སུ་འཛིན་བཟུང་བྱས་པའི་དཔོན་གནས་མཐོ་ཤོས་ཀྱི་གྲས་ཤིག་ཡིན་པ་དང།  ལི་རླིས་གོའོ་ནི་སྤྱི་ལོ་  ༡༩༩༣  ལོ་ནས་སྤྱི་ལོ་ ༢༠༠༣ ལོ་བར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གོ་གནས་འདྲ་མིན་གྱི་ཐོག་ནས་ལ་ཀ་བྱས་ནས་བསྡད་པ་དང།  སྤྱི་ལོ་ ༢༠༡༣ ཟླ་ ༡༡ པར་དབུས་ནང་སྲིད་ལྷན་ཁང་གི་བློན་ཆེན་གཞོན་པར་བསྐོ་བཞག་བྱས་ཡོད།img471624428

ཡང་དེ་སྔའི་བོད་རང་སྐྱོང་ལྗོངས་ཟེར་བའི་དྲག་ཆས་ཉེན་རྟོགས་རུ་ཁག་དང་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་འགོ་འཛིན་ཝུའུ་ཀྲེ་ཀྲུང་ཚབས་ཆེ་བའི་སྒྲིག་འགལ་ཁྲིམས་འགལ་གྱིས་རྐྱེན་པས་སྤྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༢༧ ཉིན་རྒྱ་ནག་དབུས་སྒྲིག་བཤེར་ལྷན་ཁང་གིས་ཞིབ་བཤེར་བྱས་ཡོད་པ་དང།   124452439_11nཡང་སྤྱི་ལོ་ ༢༠༡༤ ཟླ་ ༡༡ པར་དེ་སྔའི་བོད་རང་སྐྱོང་ལྗོངས་ཟེར་བའི་ཁྱབ་ཁོངས་ཀྱི་བོད་དམག་ཁུལ་ཁང་གི་སི་ལི་ཡོན་དབྱང་ཅི་ཧྲན་ལྐོག་ཟ་རུལ་སུངས་དང་སྒྲིག་འགལ་ཁྲིམས་འགལ་གྱིས་རྐྱེན་པས་འཛིན་བཟུང་ཞིབ་བཤེར་བྱས་ཡོད།  གོང་གསལ་གྱི་མི་སྣ་དེ་དག་ནི་བོད་ནང་དབང་ཤུགས་ཆེ་བའི་མི་སྣའི་གྲས་ཤིག་ཡིན་པ་མ་ཟད། ཞི་ཅིང་ཕིང་གིས་སྟག་དང་སྦྲང་བུ་མཉམ་བརྡུངས་བྱེད་པའི་འཐབ་རྩོད་ཁྲོད་ཀྱི་གལ་གནད་ཆེ་བའི་མི་སྣ་ཤ་སྟག་ཡིན་པ་དང།གནས་ཚུལ་གྱི་འཕེལ་རིམ་ལ་བལྟས་ན། ཞི་ཅིང་ཕིང་གི་སྟག་སྦྲང་མཉམ་རྡུང་གི་རལ་གྲི་དེ་གྲངས་ཉུང་མི་རིགས་ས་ཁུལ་དུ་གནས་སྡོད་བྱས་པའི་དཔོན་རྒན་ཚོའི་མགོ་ཐོག་ཏུ་འཕྱར་བཞིན་ཡོད་འདུག

 

Leave a Reply

Your email address will not be published. Required fields are marked *