ཞི་ཅིང་ཕིང་དང་གོ་མིན་ཏང་གི་འགོ་ཁྲིད་སླར་ཡང་ཐུག་འཕྲད་བྱས་པ།

      November 2, 2016:49 AM

f2016110214285499567302317སྤྱི་ལོ་  ༢༠༡༦ ལོར་ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་ལྕམ་ཚའེ་ཡོན་ཝན་ཐེ་ཝན་སྲིད་འཛིན་དུ་བདམས་ཐོན་བྱུང་བ་དང།  དེའི་སྔ་ནུབ་ཏུ་ཐེ་ཝན་གྱི་སྲིད་འཛིན་མཱ་དབྱིང་ཇིའུ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གཉིས་ཐུག་འཕྲད་བྱས་པ་དང། ཐེ་ཝན་ནང་དམངས་གཙོ་ཡར་ཐོན་ཚོགས་པ་དང་གོ་མིན་ཏང་གཉིས་ཀྱི་འབྲེལ་བ་དེ་ཡང་གཅིག་གིས་གཅིག་ལ་སྐྱོན་བརྗོད་བྱེད་པའི་ནང་ཁུལ་འཐབ་རྩོད་ཀྱི་ངོ་བོར་འགྱུར་ལྡོག་འགྲོ་བཞིན་ཡོད་པའི་སྐབས་འདིར།  སྤྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དང་། ཐེ་ཝན་གོ་མིན་ཏང་གི་ཚོགས་གཙོ་ཧུང་ཞིའུ་ཀྲའུ་ཡིས་སྣེ་ཁྲིད་བྱས་པའི་སྐུ་ཚབས་ཚོགས་པའི་དབར་ལ་ཐུག་འཕྲད་བྱས་པ་རེད།

ཞི་ཅིང་ཕིང་གིས་གུང་ཁྲན་ཏང་དང་གོ་མིན་ཏང་གཉིས་ཀྱི་དབར་ལ་འཐབ་རྩོད་དང་མཉམ་ལས་བྱུང་བའི་ལོ་རྒྱུས་ལ་དྲན་གསོ་དང་མ་འོངས་གུང་གོ་ཏང་གཉིས་ཇི་ལྟར་བྱས་ཏེ་མཉམ་ལས་དང་རྒྱ་ནག་གཅིག་གྱུར་གྱི་དོན་དུ་འཐབ་རྩོད་ཇི་ལྟར་བྱེད་དགོས་མིན་གྱི་བལྟ་ཚུལ་གླེང་སློང་བྱས་ཡོད།  དེ་ཡང་ཞི་ཡིས་སྤྱི་ལོ་ ༢༠༠༥ ལོ་ནས་བཟུང་གུང་གོ་ཏང་གཉིས་དབར་ལ་འབྲེལ་བ་ཇི་བྱུང་དང།  སྤྱི་ལོ་ ༢༠༠༨ ལོ་ནས་བཟུང་ཕྱོགས་གཉིས་ཀྱིས་ལོ་རྒྱུས་ཀྱི་འགག་སྒོ་གཏོར་ནས་མི་མང་ལ་ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་སྐྲུན་ཡོད་སྐོར་དང།  མཚོ་ངོགས་གཉིས་ནི་ནམ་ཡང་ཁ་བྲལ་གཏོང་ཐབས་མེད་པའི་ལས་ཀྱིས་བཀོད་ཐང་ཡིན་པ་དང།  རྒྱ་ནག་གཅིག་མ་གཏོགས་རྒྱ་ནག་གཉིས་ཞེས་པ་མེད་པའི་དགུ་གཉིས་ཀྱི་ཐུན་མོང་གི་རྩ་འཛིན་རྒྱུན་འཁྱོངས་བྱེད་དགོས་པ།  ཐེ་ཝན་མཚོ་འགག་ཞི་བདེ་རྒྱུན་གནས་དང་ཕྱོགས་གཉིས་པོའི་དབར་གྱི་ད་ལྟའི་འབྲེལ་བ་དང་འགྲོ་འོངས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས་སྐོར་ནན་བརྗོད་བྱས་ཡོད།

ཐེ་ཝན་གོ་མིན་ཏང་གི་ཚོགས་གཙོ་ཧུའུ་ཞིའུ་ཀྲའུ་ཡིས་ནན་བརྗོད་བྱས་དོན། གུང་ཁྲན་ཏང་དང་གོ་མིན་ཏང་གཉིས་ཀས་མུ་མཐུད་ནས་དགུ་གཉིས་ཀྱི་ཐུན་མོང་གི་རྩ་འཛིན་མཐའ་འཁྱོངས་དང་། ཐེ་ཝན་རང་བཙན་ལ་ངོ་རྒོལ་བྱེད་པའི་རྨང་གཞིའི་ཐོག་ཕྱོགས་གཉིས་པོའི་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་དགོས་པ་དང།  དེ་ཡང་དཔལ་འབྱོར་ཉོ་ཚོང་དང་དམངས་ཁྲོད་ཀྱི་འབྲེལ་བ་སྔར་ལ་ཟབ་ཏུ་གཏོང་དགོས་པ། མཚོ་ངོགས་གཉིས་ཀྱི་གཞོན་ནུའི་དབར་ལ་རིག་གནས་སྤེལ་རེས་བྱས་ཏེ་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་འཕེལ་རྒྱས་གཏོང་དགོས་པ། སྐམ་ས་ཆེན་པོའི་ནང་ཐེ་ཝན་ཕྱོགས་ཀྱི་ཚོང་དོན་ཡར་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས་སྐོར་སོགས་ནན་བརྗོད་བྱས་ཡོད།

Leave a Reply

Your email address will not be published. Required fields are marked *