འཚོ་སྣོན།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དམིགས་ཡུལ་ལྟར་ཆབ་སྲིད་བཙོན་ཟུར་དང་། བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་འགུལ་ནང་ཞུགས་མྱོང་བའི་ཚོགས་མིའི་ཁོངས་འཚོ་བའི་ཐད་དཀའ་ངལ་དངོས་ཡོད་ཅན་དང་། བགྲེས་པོ་ལྟ་རྟོག་མེད་པའི་རིགས་ལ་འཚོ་བའི་ཁ་སྣོན་རོགས་རམ་ཞུས་དང་ཞུ་བཞིན་པའི་ཁོངས་ད་ལྟའི་ཆར། ཚོགས་མི་གྲངས་སུམ་ཅུ་སོ་གཅིག་ལ་ཉམ་ཐག་འཚོ་སྣོན་འབུལ་བཞིན་པ་དང་། བགྲེས་པོ་གྲངས་བཅོ་ལྔ་ལ་གཏན་འཇགས་འཚོ་སྣོན་འབུལ་བཞིན་ཡོད།

དེས་ན་རྒྱལ་གཅེས་ལྷག་བསམ་ཅན་གྱི་རང་རིགས་གཏོང་ཕོད་ཅན་རྣམས་དང་། གཞན་ཡང་བྱམས་བརྩེའི་བདག་ཉིད་ཅན་གྱི་སྦྱིན་བདག་རྣམ་པས་རྒྱབ་སྐྱོར་གྱི་ཆ་ཤས་གནང་བློ་ཡོད་རིགས་རྣམས་ཀྱིས་གཤམ་གསལ་འབྲེལ་གཏུགས་བྱ་ཡུལ་ལ་འབྲེལ་བ་གནང་སྐྱོང་ཡོང་བ་མཁྱེན་ཞུ་རྒྱུ་དང་། འདིར་རྒྱབ་སྐྱོར་གནང་བ་ནི་མིའི་རིགས་ཀྱི་བདེ་སྐྱིད་དང་རང་དབང་ལ་བརྩི་བཀུར་ཆེ་ཞིང་། དྲང་བདེན་ལ་ནམ་ཡང་ཡིད་ཆེས་ཆེ་བའི་རྒྱལ་གཅེས་ལྷག་བསམ་གྱིས་རབ་ཏུ་ཕྱུག་པའི་མི་སྣ་ལས་གྲུབ་པའི་ཚོགས་པ་ཞིག་ལ་རྒྱབ་སྐྱོར་གནང་གི་ཡོད།

ཐུགས་རྗེ་ཆེ།