ཡོན་ཏན་རབ་རྒྱས་ལགས་གློད་བཀྲོལ་བཏང་འདུག

      August 1, 2019:39 AM

དེ་ཡང་གསར་འགྱུར་རྒྱུད་ལམ་ཁག་གི་ནང་གནས་ཚུལ་སྤེལ་བར་གཞིགས་ན། དེ་ཡང་མདོ་སྨད་དཔལ་ཡུལ་རུ་ཆེན་རུ་ཆུང་གསུམ་པ་ནས་ཡིན་པའི་ཡོན་ཏན་རབ་རྒྱས་ལགས་སྤྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༦ ཉིན་གློད་བཀྲོལ་བཏང་བའི་གནས་ཚུལ་ཐོན་འདུག  ཁོང་ནི་སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༣ ཚེས་ ༡༣ ཉིན་གཅིག་བསྒྲིལ་རྫོང་གི་གཞུང་ལས་ཁང་དུ་འབོད་འགུག་གིས་འཇུ་བཟུང་བཙོན་འཇུག་བྱས་ཏེ་ད་བར་ལོ་བཞི་ལྷག་ཙམ་འདས་ཟིན་པ་རེད་།ཁོང་ད་ལྟ་རང་ལོ་༣༠ ཡིིན་པ་དང་ཁོང་འཇུ་བཟུང་བཀག་ཉར་བྱས་ཏེ་ཟླ་ངོ་གཉིས་དང་ཉིན་བཅུ་དྲུག་འགྲོ་སྐབས་ཁོང་གི་ཨ་མ་ལགས་འདས་གྲོངས་སུ་སོང་བས་དུས་དེ་ནས་བཟུང་ཁོང་མ་བུ་གཉིས་དུས་གཏན་དུ་འཇིག་རྟེན་འདི་ནས་ཁ་བྲལ་བ་རེད། 

ཁོང་རྒྱ་གཞུང་འབྲེལ་ཡོད་ཚན་པས་འཇུ་བཟུང་བཀག་ཉར་དང་མཐར་མི་ལོ་བཞི་ཡི་བཙོན་འཇུག་ཁྲིམས་ཐག་གཅོད་དགོས་དོན་ནི་ཁོང་གིས་ཁ་པར་ཐོག་ནས་ཕྱི་ཕྱོགས་ཀྱི་གསར་འགྱུར་བལྟ་ཉན་བྱས་པར་ཁྲིམས་འགལ་དུ་ངོས་འཛིན་བྱས་ཡོད་འདུག་པ་མ་གཏོགས་ཡོན་ཏན་རབ་རྒྱས་ལགས་ནི་འབྲོག་ཕྲུག་དཀྱུས་མ་ཞིག་དང་དུས་རྒྱུན་དུ་ནས་མི་ཚང་མར་མཐུན་བསྒྲིལ་བྱེད་མཁན་གྱི་མི་རབས་ཡ་རབས་ཚུལ་ལྡན་དང་།འབྲེལ་ཡོད་མི་སྣས་གསར་འགྱུར་རྒྱུད་ལམ་ཁག་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན།  ཡོན་ཏན་རབ་རྒྱས་ལགས་ནས་ལོ་ངོ་དེ་དག་གི་རིང་དཀའ་སྡུག་དེ་ལྟར་མྱངས་པ་ནི་རང་དོན་ཆུང་ཆུང་ཞིག་གི་དོན་དུ་མ་ཡིན་པར།ལྷག་བསམ་རྣམ་དག་གིས་རང་གི་མི་རིགས་ཀྱི་ལ་རྒྱ་ཡོད་མཁན་ཞིག་ཡིན་པའི་སྟབས་ཀྱི་རེད་ཅེས་འགྲེལ་བརྗོད་གནང་འདུག  འདི་ཟླའི་ཚེས་ ༢༦ ཉིན་མཚོ་སྔོན་ཟི་ལིང་གྲོང་ཁྱེར་ནང་ཡོད་པའི་བཙོན་ཁང་ཞིག་ནས་གློད་བཀྲོལ་བཏང་ཡོད་པ་དང། དེ་ཉིན་གློད་བཀྲོལ་གཏོང་སྐབས་ཁོང་གི་ནང་མི་སྤུན་མཆེད་སོགས་ནས་བསུ་ལེན་བྱེད་པར་བསྐྱོད་པ་དང་།  མ་ཟད་ཉེན་རྟོག་དམག་མི་གསུམ་ཙམ་གྱིས་མགོ་ལོག་གཅིག་བསྒྲིལ་རྫོང་བར་སྐྱེལ་བར་ཡོང་འདུག  མི་ལོ་བཞི་ཡི་བཙོན་འཇུག་རིང་ཁོང་གིས་དཀའ་སྡུག་ཇི་ཙམ་མྱངས་པ་དང། ད་ལྟའི་ཆར་ཁོང་གི་གཟུགས་གཞིའི་གནས་སྟས་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མི་འདུག

Leave a Reply

Your email address will not be published. Required fields are marked *