རྒྱ་གཞུང་གིས་བོད་དེ་དུས་ད་ལྟ་ཡང་ཆེས་དབུལ་ཕོངས་ཡིན་པ་ངོས་ལེན་བྱས་འདུག

      December 19, 2017:52 AM

དེ་ཡང་སྤྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༨ ཉིན་རྒྱ་ནག་གཞུང་འབྲེལ་མི་དམངས་དྲ་བའི་ཐོག་ན་གནས་ཚུལ་སྤེལ་བར་གཞིགས་ན། བོད་དེ་རྒྱ་ནག་གི་རྒྱལ་ཡོངས་ཀྱི་ནང་ནས་དབུལ་ཕོངས་ཀྱི་ཚད་གཞི་མཐོ་ཤོས་དང་ཚབས་ཆེ་ཤོས་ཡིན་པའི་གནས་ཚུལ་སྤེལ་འདུག འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་རྒྱ་ནག་གཞུང་གིས་བོད་དེ་རྒྱ་ནག་རྒྱལ་ཡོངས་དང་ཐ་ན་ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་ལས་ལྷག་པའི་འཛུགས་སྐྲུན་དང་ཡར་རྒྱས་གཏོང་རྒྱུ་ཡིན་ལུགས་རྒྱལ་སྤྱིའི་ཐོག་ས་བསྒྲགས་གནམ་བསྒྲགས་བྱས་ཡོད་ཀྱང། བོད་ཀྱི་དངོས་ཡོད་གནས་ཚུལ་ནི་ད་ལྟ་རྒྱ་ནག་རྒྱལ་ཡོངས་ཀྱི་ནང་ནས་དབུལ་ཕོངས་ཆེ་ཤོས་དང་ཚབས་ཆེ་ཤོས་ཡིན་པ་རྒྱ་གཞུང་རང་ཉིད་ཀྱིས་ཁས་ལེན་མི་བྱེད་ཀ་མེད་བྱུང་ཡོད།

དེ་ཡང་མི་དམངས་དྲ་བའི་གསར་འགྱུར་ནང་འཁོད་པར་གཞིགས་ན། བོད་ལྗོངས་འདི་ཉིད་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གྱི་འཐབ་ས་མདུན་མར་གནས་པ་ནི་རང་རྒྱལ་གྱི་སྐམ་སའི་རྒྱལ་མཚམས་དབྱེ་མེད་པའི་ས་ཁོངས་འབའ་ཞིག་ཡིན་པ་རེད། རང་བྱུང་དང་ལོ་རྒྱུས་སོགས་ཀྱི་རྒྱུ་རྐྱེན་ལས་བོད་ལྗོངས་ཀྱི་མཐའ་མཚམས་རང་རྒྱལ་གྱི་དབུལ་པོ་ཐོན་ཚད་མཐོ་ཤོས་དང་། དབུལ་པོའི་གནས་ཚུལ་ཚབས་ཆེ་ཤོས། དབུལ་སྐྱོར་མ་གནས་མཐོ་ཤོས་བཅས་ཀྱི་ས་ཁུལ་ལ་གྱུར་ནས་མཐའ་མཚམས་རྫོང་ ༢༡ གི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བོད་ཀྱི་ཆ་སྙོམས་རིན་ཐང་བསྡོམས་འབོར་གྱི་བཅུ་ཆ་བདུན་ཡང་ཟིན་གྱི་མེད་པ་དང་མཐའ་མཚམས་གྲོང་ཚོ་ ༦༢༨ ཁྲོད་ ༣༣༧ད་ལྟའང་ཤིན་ཏུ་དབུལ་བའི་ཁོངས་སུ་གཏོགས་ཀྱི་ཡོད་པའི་ནང་སྲིད་འཛིན་གྲོང་ཚོ་ ༦༧ ལ་གློག་ཤར་གཏོང་མི་ཐུབ་པ་དང་ ༢༥ ལ་གཞུང་ལམ་ཤར་གཏོང་ཐུབ་ཀྱི་མེད་པ་རེད།

Leave a Reply

Your email address will not be published. Required fields are marked *