རྒྱ་ནག་གི་གསང་རྒྱ་ཆེ་བའི་ཚོགས་འདུ།

      October 25, 2016:54 AM

རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དེ་སྤྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་༢༤ ནས་ཚེས་ ༢༧ བར་པེ་ཅིང་དུ་སྐོང་འཚོགས་བྱ་བཞིན་ཡོད་ཅིང།  ཚོགས་འདུ་དེ་ནི་ཞི་ཅིང་ཕིང་གི་དབང་ཆ་སྲ་བརྟན་བཟོ་རྒྱུ་དང་མ་འོངས་པའི་རྒྱུད་འཛིན་མི་སྣ་འདེམས་སྒྲུབ་བྱེད་པའི་གལ་གནད་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་རེད། j0de98eae3e10cee084f78c9019cbaca6སྤྱི་ལོ་ ༢༠༡༧ ལོའི་ལོ་མཇུག་ཏུ་རྒྱ་ནག་དམར་ཤོག་ཚོགས་པའི་ཏང་གི་རྒྱལ་ཡོངས་ཚོགས་ཆེན་བཅུ་དགུ་པ་སྐོང་འཚོགས་བྱ་རྒྱུ་ཡིན་ཞིང།  ཚོགས་ཆེན་དེའི་ཐོག་ད་ལྟའི་འགྲོ་ལུགས་དང་ལམ་སྲོལ་གྱི་ཐོག་ནས་བལྟས་ན།  ད་ཡོད་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་མི་བདུན་ཡོད་པའི་ནང་ནས་མི་ལྔ་རྒན་ཡོལ་དུ་འགྲོ་གི་ཡོད་པར་བརྟེན། མ་འོངས་པའི་ཏང་སྲིད་དམག་གསུམ་གྱི་རྒྱུན་འཛིན་པ་སུ་ཞིག་བསྐོ་བཞག་བྱེད་མིན་དང་ཇི་ལྟར་བྱས་ཏེ་བསྐོ་བཞག་བྱེད་དགོས་མིན་སོགས་གལ་གནད་ཧ་ཅང་ཆེན་པོ་ཆགས་ཡོད་པར་བརྟེན། ཞི་ཅིང་ཕིང་གིས་ད་བར་ལོ་ངོ་བཞི་ལ་ཉེ་བའི་རིང་ལྐོག་ཟ་རུལ་སུངས་དང་སྒྲིག་འགལ་ཁྲིམས་འགལ་གྱི་མིང་ཐོག་ནས་ཀྲའུ་ཡུང་ཁང་དང།  རླིང་ཅིས་ཧྭ།  སྦོའོ་ཤི་ལའེ།  ཞུས་ཚའེ་ཧའུ་།  ཀོའོ་སྦོའོ་ཞུང་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ཏང་སྲིད་དམག་གི་དཔོན་རིགས་འབོར་ཆེན་ཞིག་ཚར་གཅོད་བྱས་པ་མ་ཟད།  ཁོ་ཚོའི་ཕྱོགས་གཏོགས་མ་ལག་དང་བཅས་པའི་མི་གྲངས་ཁྲི་ཚོ་རྒལ་བར་ཚད་གཞི་མི་འདྲ་བའི་ཆད་པ་བཅད་ནས་ཁྲིམས་ལ་སྦྱར་བ་དང།  ཞི་ཅིང་ཕིང་རང་ཉིད་ཀྱི་ཕྱོགས་དང་དབང་ཆའི་ཁྱབ་ཁོངས་དག་ཅིའི་ཆ་ནས་བཤད་ན་སྲ་བརྟན་བཟོས་ཟིན་པ་རེད།

ཚར་གཅོད་ཀྱི་འཐབ་རྩོད་དེའི་ནང་གྲུབ་འབྲས་དེ་ལྟ་བུ་ཐོན་དགོས་དོན་ནི་ད་ལྟའི་དབུས་ཆབ་སྲིད་ཀྱི་རྒྱུན་ལས་དང་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་དྲུང་ཆེ་ཝང་ཆེ་ཧྲན་གྱིས་གདོང་མཆོངས་ཀྱི་ནུས་པ་བཏོན་ནས་ཐོབ་པའི་གྲུབ་འབྲས་ཞིག་རེད།  ཡིན་ནའང། རྒྱ་ནག་དམར་ཤོག་ཚོགས་པའི་ཡིག་ཐོག་གི་གཏན་འབེབས་མེད་ཀྱང་ལམ་སྲོལ་གྱི་འགྲོ་ལུགས་ཤིག་གི་ཐོག་ནས་བལྟས་ན། ལོ་ན་ ༦༨ ཟིན་ན་མུ་མཐུད་ནས་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་སུ་བསྡད་ཆོག་གི་མེད་པར་བརྟེན།  ཕྱི་ལོ་ཚོགས་ཆེན་བཅུ་དགུའི་སྐབས་ཝང་ཆེ་ཧྲན་ལོ་ན་ ༦༩ སླེབས་ཀྱི་ཡོད་པར་བརྟེན་རང་བཞིན་ཉིད་ནས་ཕྱིར་འཐེན་བྱེད་དགོས་ཀྱི་ཡོད་པ་རེད།  ཡིན་ནའང།  ད་ལྟའི་རྣོ་ངར་ཆེ་བའི་ཛ་དྲག་གི་འཐབ་རྩོད་འདི་འདྲའི་སྐབས་ཞི་ཅིང་ཕིང་གི་དབང་ཆ་སྲ་བརྟན་དང་མ་འོངས་སོ་སོའི་ཕྱོགས་གཏོགས་མ་ལག་དང་བཅས་པ་རྒྱུན་འཛིན་པ་འདམ་གསེས་ལེགས་པོ་ཞིག་བྱེད་དགོས་ན།  ཝང་ཆེ་ཧྲན་ཧྲན་ནི་མེད་དུ་མི་རུང་བའི་གདོང་མཆོངས་ཀྱི་དམག་དཔོན་ལྟ་བུ་ཆགས་ཡོད་པར་བརྟེན།  མི་མང་པོ་ཞིག་གིས་ལོ་ན་༦༨  ཟིན་ན་དབུས་ཆབ་ཅུས་ཀྱི་རྒྱུན་ལས་ནང་བསྡད་མི་ཆོག་པའི་ལམ་སྲོལ་དེ་ཞི་ཅིང་ཕིང་གིས་རྩིས་མེད་བཏང་ནས་ཝང་ཆེ་ཧྲན་མུ་མཐུད་ནས་དབུས་ཆབ་སྲིད་ཅུས་ནང་སླེབས་ཐབ་བྱེད་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།  དེ་ལྟར་བྱས་ཚེ་ཞི་ཅི་ཕིང་རང་ཉིད་ཀྱང་ཏང་གི་སྒྲིག་ཁྲིམས་རྩིས་མེད་གཏོང་མཁན་ཡིན་པའི་ཉེན་ཁ་ཡང་གནས་ཡོད།  དེར་བརྟེན།  ད་ཐེངས་ཀྱི་ཚོགས་ཆེན་འདི་ནི་རྣོ་ངར་དང་ཛ་དྲག་ཤིན་ཏུ་ཆེ་བའི་འཐབ་རྩོད་ཀྱི་ངོ་བོར་འགྱུར་བཞིན་ཡོད་པ་རེད།p7373421a456010967

དེ་དང་ཆབས་ཅིག་དེང་སྐབས་རྒྱ་ནག་སྤྱི་ཚོགས་ཐོག་ཞི་ཅིང་ཕིང་གི་སྙན་གྲགས་དེ་ཅང་ཙེ་མིན་དང་ཧུའུ་ཅིང་ཐའོ་ལས་རྣམ་པར་རྒྱལ་དེ་མའོ་ཙེ་ཏུང་ལྟར་མི་སྒེར་ལ་དད་གུས་དང་ཆེ་སྟོད་བྱེད་པའི་ལམ་ལུགས་རྙིང་པའི་ཐོག་བསྐྱར་སློག་རྒྱག་པ་ལྟ་བུའི་གནས་སྟངས་ཤིག་ཆགས་ཡོད་པ་མ་ཟད།  ཐ་ན་རིགས་འགའ་ཞིག་གིས་ཞི་ཅིང་ཕིང་ལ་མའོ་ཙེ་ཏུང་ལྟ་བུའི་རྒྱལ་སྐྱོང་སྲིད་གཉེར་གྱི་འཇོན་ཐང་དང་ནུས་པ་ཆེན་པོ་ཡོད་པར་ངོས་འཛིན་བྱེད་མཁན་ཡང་མང་པོ་ཡོད།  མདོར་ན།  ད་ཐེངས་ཀྱི་ཚོགས་འདུ་དེས་ཕྱོག་གཅིག་ནས་ཞི་ཅིང་ཕིང་གིས་རང་གི་དབང་ཆ་དང་རྒྱུན་འཛིན་པ་འདམ་གསེས་བྱེད་པའི་ཁ་ཕྱོགས་གཏན་འཁེལ་དང།  ཕྱོགས་གཞན་ཞིག་ནས་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ལས་བྱེད་པའི་འཚོ་བའི་ཀུན་སྤྱོད་དང་།  ཁྱིམ་ཚང་དང་བུ་ཕྲུག་གི་རྒྱུ་ནོར་གྱི་འབྱུང་ཁུངས་སོགས་ལ་བརྩད་གཅོད་བྱེད་པའི་སྒྲིག་ཁྲིམས་གཏན་འབེབས་བྱས་ཏེ་ཁྲིམས་མཐུན་མ་ཡིན་པའི་རིགས་ཡིན་ཕྱིན་ཐག་གཅོད་ནན་པོ་བྱ་རྒྱུའི་གཏན་འཁེལ་བྱས་ཡོད་པ་རེད།སྒྲིག་ཁྲིམས་འདི་ལྟབུ་སྣང་ཆུང་གཏན་ནས་གཏོང་ཐབས་མེད་པ་ཞིག་སྟེ།  སྤྱི་ལོ་ ༡༩༧༨ ལོའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཏུའང་ཏེང་ཞའོ་ཕེང་གིས་སྒྲིག་ཁྲིམས་དེ་ལྟ་བུ་ཞིག་གཏན་འབེབས་བྱས་ཏེ་སྤྱི་ལོ་ ༡༩༦༦ ལོ་ནས་སྤྱི་ལོ་ ༡༩༧༦ ལོ་བར་གྱི་རིག་གནས་གསར་བརྗེ་ཆེན་པོ་དེ་ཕྱོགས་ཡོངས་ནས་ནོར་འཁྲུལ་ཡིན་པ་གཏན་འཁེལ་བྱས་པ་མ་ཟད།ཅང་ཆིང་སོགས་མི་བཞི་ཤོག་ཁག་དང་ཁོ་ཚོའི་ཕྱོགས་གཏོགས་མ་ལག་དང་བཅས་པ་རྩ་མེད་བཟོས་ཏེ་ཐག་གཅོད་བྱས་པ་རེད།

Leave a Reply

Your email address will not be published. Required fields are marked *