རྒྱ་ནག་ནང་གི་སློབ་གྲྭས་བོད་ཀྱི་སློབ་གསོར་ཐེ་ཇུས་དང་དངུལ་ཁ་བསླུས་བརྒྱབ་པ།

      August 22, 2017:17 AM

བོད་ལ་ཆ་མཚོན་ལོ་རེའི་ཟླ་བ་བདུན་པ་དང་བརྒྱད་པ་ནི་སློབ་གྲྭ་ཆེན་མོར་སློབ་མ་བསྡུ་བའི་དུས་ཚོད་ཅིགག་ཡིན་པ་དང།  འདི་ལོའི་སློབ་གྲྭ་ཆེན་མོར་སློབ་མ་བསྡུ་བའི་ལས་ཀའི་ཁྲོད་གནས་ཚུལ་མང་པོ་ཞིག་ལྷག་བཞིན་ཡོད་པ་དང།  དེ་བཞིན་ཁྱིམ་བདག་མང་པོ་ཞིག་གིས་འབྲེལ་ཡོད་སློབ་གསོའི་ལས་ཁུངས་དང་ཚན་པར་ཐེར་འདོན་དང་ཞུ་གཏུགས་བྱེད་མཁན་ཡང་ནས་ཡང་དུ་ཐོན་བཞིན་ཡོད་ཅིང།   ཉེ་ལམ་བོད་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུག་ཁང་ནས་དམིགས་བསལ་གྱི་བརྡ་ཐོ་བཏང་བའི་ནང་འདི་ལྟར་འཁོད་ཡོད་པ་སྟེ།  ཉེ་ཆར་ངེད་སློབ་གསོ་ཡིག་རྒྱུགས་ཁང་དུ་སློབ་མ་དང་ཁྱིམ་བདག་གི་ཐེར་འདོན་འབྱོར་ཏེ།  ཅིའུ་ཀྲའུ་ལས་རིགས་ལག་རྩལ་སློབ་གླིང་དང་།  ལྷོ་ནུབ་སློབ་གྲྭ་ཆེན་མོཡུས་པེ་སློབ་གསོ་ལྟེ་གནས།  ཅང་སུའུ་བདེ་འཇགས་ལས་རིགས་གལ་རྩལ་སློབ་གླིང་སོགས་ཀྱིས་བོད་རང་སྐྱོང་ལྗོངས་སུ་རང་འདོད་ཁྲིམས་འགལ་གྱི་སྒོ་ནས་སློབ་བསྡུའི་ས་ཚིག་བཙུགས་པ་མ་ཟད།  ཁྲིམས་འགལ་གྱི་ཁ་བསླུས་བརྒྱབ་ནས་སློབ་མ་བསྡུ་བ་དང།  དངུལ་སྤྲད་པ་ཙམ་གྱིས་སློབ་གྲྭ་ཆེན་མོོར་འགྲོ་བསྐྱོད་ཆོག་པའི་རྫུན་གཏམ་བཤད་དེ་བོད་ཀྱི་སློབ་གྲྭ་ཆེན་མོའི་སློབ་བསྡུ་ལས་ཀར་གནོད་འཚེ་ཚབས་ཆེན་བཟོས་ཡོད།

ཁུན་མིང་སྒྱུ་རྩལ་ལས་རིགས་ལག་རྩལ་སློབ་གླིང་ནས་མཐོ་སློབ་ཐོན་ནས་འབྲིང་རིམ་སློབ་གྲྭ་ལོ་གཅིག་འགྲིམས་པའི་གང་བྱུང་གི་སློབ་ལོའི་ཚད་གཞི་བཟོས་ཏེ།  ཁྱིམ་བདག་དང་སློབ་མར་ཁ་བསླུས་རྒྱག་གི་ཡོད་པ་རེད།  ད་དུང་ཁ་གཏད་འབྲིང་རིམ་སློབ་ཐོན་སློོབ་མ་ཁག་གཅིག་གིས་རྒྱ་ནག་ནང་གི་སློབ་གླིང་གི་སློབ་བསྡུའི་ལག་ཁྱེར་འཁྱེར་ཡོད་པ་རེད།  དབྱེ་འབྱེད་གཏན་འཁེལ་བྱས་པ་བརྒྱུད།  སློབ་བསྡུའི་འཆར་གཞི་འདིར་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་ཆོག་མཆན་ཐོབ་མེད་ལ།  སྙན་སེང་ཐོ་འགོད་ཀྱང་བྱས་མེད་པས་བོད་དུ་ཁྲིམས་འགལ་གྱི་སློབ་བསྡུའི་ཁོངས་སུ་གཏོགས་པ་ཡིན།  གལ་ཏེ། བོད་རང་སྐྱོང་ལྗོངས་སློབ་བསྡུ་ཨུ་ཡོན་ལྷན་ཚོགས་ནས་གཅིག་གྱུར་གྱིས་བསྡུས་པའི་སློབ་མ་མིན་ཚེ།སློབ་གྲྭའི་སྐྱིད་སྡུག་ནས་ཐོ་འགོད་མི་བྱེད་པ་དང།སློབ་ལོ་ཡང་ཁས་ལེན་བྱེད་ཀྱི་མེད་ཅེས་འཁོད་ཡོད།

 

 

 

Leave a Reply

Your email address will not be published. Required fields are marked *