རྒྱལ་གཅེས་པ་བློ་བཟང་སྐལ་བཟང་བཙོན་གྲོལ་བཏང་འདུག

      July 31, 2017:18 AM

སྤྱི་ལོ་  ༢༠༡༧  ལོའི་ཟླ་  ༧  ཚེས་ ༢༩ ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་ལགས་ཏིག་ཡང་བཙོན་ཁང་ནས་གློད་བཀྲོལ་བཏང་བའི་གནས་ཚུལ་ཐོན་འདུག རྒྱལ་གཅེས་པ་སྐལ་བཟང་བློ་བཟང་ནི་སྤྱི་ལོ་ ༢༠༡༡ ལོའི་ཟླ་ ༩ ཚེས་ ༢༦ ཉིན་ཁོང་དང་ཁོང་གི་རོགས་པ་གྲྭ་བློ་བཟང་དཀོན་མཆོག་རྣམ་གཉིས་ཀྱིས་རྔ་པ་རྫོང་གི་ཁྲོམ་གཞུང་དུ་༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པཤོག  བོད་ལ་ཆོས་དད་རང་དབང་དགོས་ཞེས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་སྐད་འབོད་བྱས་པར་བརྟེན།  ཡུན་རིང་མ་སོང་བར་རྒྱ་ནག་གཞུང་གི་དྲག་ཆས་ཉེན་རྟོག་པ་ཡོང་ནས་བཙན་ཁྲིད་བྱས་པ་དང།  དུས་དེ་ནས་བཟུང་གི་གནས་སྟངས་ཇི་ཡིན་སུས་ཀྱང་ཁ་མཚོན་གཅོད་མ་ཐུབ་པར་ལུས་ཡོད།  མ་ཟད་ཁོང་བཙོན་ཁང་ནས་གློད་བཀྲོལ་བཏང་བ་ཙམ་ལས་དེ་མིན་གྱི་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མེད།  ཁོང་ནི་མདོ་རྨད་རྔ་པ་རྫོང་རྨེ་རུ་མ་རུ་ཆེན་གཉིས་པའི་ཇ་རུ་ཚང་གི་ཚེ་རིང་བཀྲིས་ཀྱི་བུ་ཡིན་པ་དང།  སྤྱི་ལོ་ ༢༠༡༡ ལོའི་ཟླ་ ༣ ཚེས་ ༡༦ ཉིན་རང་ལུས་མེར་བསྲེགས་གཏོང་མཁན་གྲྭ་ཕུན་ཚོགས་ལགས་ཀྱི་ཚ་བོ་རེད།

Leave a Reply

Your email address will not be published. Required fields are marked *