རྡོ་པོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་དངོས་བདེན་རེད་འདུག

      November 9, 2018:29 AM

འདི་ཟླའི་ཚེས་༤ཉིན་བོད་མདོ་སྨད་རྔ་པ་ཁུལ་གྱི་བོད་མི་ན་གཞོན་རྡོ་པོ་ལགས་ནས་རེང་ལུས་མེར་བསྲེགས་གནང་བ་དངོས་དོན་ཡིན་པ་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་དང་བློ་བཟང་ཡེ་ཤེས་ལགས་རྣམ་གཉིས་ཀྱི་མཚན་ཐོག་ནས་གསལ་བསྒྲགས་གནང་འདུག  དེ་ཡང་སྤྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༤ ཉིན་བོད་མདོ་སྨད་རྔ་པ་ཁུལ་གྱི་བོད་མི་ན་གཞོན་རྡོ་པོ་ལགས་ནས་རང་ལུས་མེར་བསྲེགས་གནང་བ་དང།  སྐབས་དེར་ཁོང་གིས་སྐད་གསེང་མཐོན་པོའི་སྒོ་ནས་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་བརྟན་པར་ཤོག  ཞལ་མཇལ་མྱུར་དུ་མཇལ་བ་ཤོག་ཅེས་སྐད་འབོད་རྒྱབ་པ་དང་དེ་རྗེས་འདས་གྲོངས་སུ་གྱུར་འདུག  ན་གཞོན་རྡོ་པོ་ལགས་ནི་རྔ་པ་རྫོང་ཆོ་རྗེ་མ་ཡུལ་མཚོའི་བྱ་སྐོར་སྡེ་པ་ནས་ཡིན་པ་དང།  ད་ལྟ་རང་ལོ་༢༣  ལ་སླེབས་ཙམ་ཡིན་པ་དང། ཕ་ཡི་མཚན་ལ་གཅོད་པ་དང་མ་ཡི་མཚན་ལ་འཕྲིན་ལས་སྐྱིད་ཟེར་གྱི་ཡོད་པ་དང། ཁོང་ལོ་ཤས་གོང་ནས་འདས་གྲོངས་སུ་གྱུར་ཡོད་འདུག  རྡོ་པོ་ལགས་ཨ་ཞང་འཇམ་དཔལ་གྲགས་པ་ཚང་གི་ནང་ལ་གཏན་སྡོད་བྱེད་ཀྱི་ཡོད་པ་དང། ཁོང་འདས་གྲོང་གྱུར་རྗེས་ཁོང་གི་སྐུ་ཕུང་རྒྱ་གཞུང་གིས་བཙན་འཕྲོགས་བྱས་ཡོད་མེད་དང་། ཁྱིམ་ཚང་དང་དགའ་ཉེ་སྤུན་མཆེད་ཚོའི་གནས་སྟངས་།  དེ་བཞིན་ས་གནས་དེ་གར་རྒྱ་གཞུང་གིས་དམ་དྲག་ཇི་ཙམ་བྱེད་ཀྱི་ཡོད་མེད་ཀྱི་ཞིབ་ཕྲའི་གནས་སྟངས་ད་ལྟ་ཁ་གསལ་ཤེས་རྟོགས་བྱུང་མི་འདུག

Leave a Reply

Your email address will not be published. Required fields are marked *