སྨན་བཅོས།

སྨན་བཅོས།
༄༅། །འདི་ག་ཚོགས་པའི་ཚོགས་མི་གཙོ་བོར་གྱུར་པའི་ཆབ་སྲིད་བཙོན་ཟུར་སོགས་ནད་མནར་གྱིས་སྨན་བཅོས་ཀྱི་འགྲོ་གྲོན་དཀའ་ངལ་ཅན་ལ་སྨན་དོད། ནད་གཡོག རླངས་འཁོར་སོགས་ཀྱི་རོགས་རམ་གང་ཐུབ་བྱས་དང་བྱེད་མུས་སུ་ཡོད་ན།
རྒྱལ་གཅེས་ལྷག་བསམ་ཅན་གྱི་རང་རིགས་གཏོང་འཕོད་ཅན་རྣམས་དང་།གཞན་ཡང་བྱམས་བརྩེའི་བདག་ཉིད་ཅན་གྱི་སྦྱིན་བདག་རྣམ་པས་གོང་གསལ་སྡེ་ཚན་གང་རུང་ཐོག་རྒྱབ་སྐྱོར་ཆ་ཤས་གནང་བློ་ཡོད་རིགས་རྣམས་ཀྱིས་གཤམ་གསལ་འབྲེལ་གཏུགས་བྱ་ཡུལ་ལ་འབྲེལ་བ་གནང་སྐྱོང་ཡོང་བ་མཁྱེན་ཞུ་རྒྱུ་དང་།འདིར་རྒྱབ་སྐྱོར་གནང་བ་ནི་མིའི་རིགས་ཀྱི་བདེ་སྐྱིད་དང་རང་དབང་ལ་བརྩི་བཀུར་ཆེ་ཞིང་།དྲང་བདེན་ལ་ནམ་ཡང་ཡིད་ཆེས་ཆེ་བའི་རྒྱལ་གཅེས་ལྷག་བསམ་གྱིས་རབ་ཏུ་ཕྱུག་པའི་མི་སྣ་ལས་གྲུབ་པའི་ཚོགས་པ་ཞིག་ལ་རྒྱབ་སྐྱོར་གནང་གི་ཡོད།
ཐུགས་རྗེ་ཆེ།