སློབ་ཡོན།

ལོ་རེར་སློབ་མ་གྲངས་ཉི་ཤུ་རེ་བསྡུས་ནས་གློག་ཀླད་ཤེས་བྱ་དང་། བོད་ཀྱི་སྐད་ཡིག དབྱིན་ཇིའི་སྐད་ཡིག་བཅས་ཀྱི་ཐོག་སྦྱོང་བརྡར་སྤྲད་དང་སྤྲོད་མུས་སུ་ཡོད་ཅིང་། སློབ་གྲྭའི་ལོ་རེའི་རྒྱུན་གྲོན་ཧིན་སྒོར་འབུམ་བཅུ་གཉིས་དང་ཕྱེད་ཀ་ཡས་མས་གཏོང་མུས་སུ་ཡོད།
དེས་ན་རྒྱལ་གཅེས་ལྷག་བསམ་ཅན་གྱི་རང་རིགས་གཏོང་ཕོད་ཅན་རྣམས་དང་། གཞན་ཡང་བྱམས་བརྩེའི་བདག་ཉིད་ཅན་གྱི་སྦྱིན་བདག་རྣམ་པས་གོང་གསལ་སྡེ་ཚན་གང་རུང་ཐོག་རྒྱབ་སྐྱོར་གྱི་ཆ་ཤས་གནང་བློ་ཡོད་རིགས་རྣམས་ཀྱིས་གཤམ་གསལ་འབྲེལ་གཏུགས་བྱ་ཡུལ་ལ་འབྲེལ་བ་གནང་སྐྱོང་ཡོང་བ་མཁྱེན་ཞུ་རྒྱུ་དང་། འདིར་རྒྱབ་སྐྱོར་གནང་བ་ནི་མིའི་རིགས་ཀྱི་བདེ་སྐྱིད་དང་རང་དབང་ལ་བརྩི་བཀུར་ཆེ་ཞིང་། དྲང་བདེན་ལ་ནམ་ཡང་ཡིད་ཆེས་ཆེ་བའི་རྒྱལ་གཅེས་ལྷག་བསམ་གྱིས་རབ་ཏུ་ཕྱུག་པའི་མི་སྣ་ལས་གྲུབ་པའི་ཚོགས་པ་ཞིག་ལ་རྒྱབ་སྐྱོར་གནང་གི་ཡོད།
ཐུགས་རྗེ་ཆེ།
སློབ་ཡོན།
༄༅། །བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དམིགས་ཡུལ་ལྟར་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་འགུལ་འཁྲོད་ཆབ་སྲིད་བཙོན་ཟུར་དང་། འབྲེལ་ཡོད་འབྲེལ་ཆགས་སུ་གྱུར་པ་རྣམས་ཀྱི་ཤེས་ཡོན་གོང་མཐོར་གཏོང་ཐབས་སླད་སློབ་གྲྭ་ཟུར་བཙུགས་ཀྱིས་སློབ་གྲྭའི་དུས་ཡུན་ལོ་གཅིག་དང་།