རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཆོས་དབྱིངས་ཀྱི་སྐུ་ཕུང་བཞུགས་འབུལ་བྱས་པ།

      July 26, 2017:32 AM

 

སྤྱི་ལོ་ ༢༠༡༧ ལོའི་ཟླ་ ༥ ཚེས ༢༥ ཉིན་གྱི་ཞོགས་པར་རྒྱལ་གཅེས་དཔའ་བོ་བསྟ་ན་འཛིན་ཆོས་དབྱིངས་ཀྱི་སྐུ་ཕུང་རྡ་སར་གདན་ཞུ་བྱས་ཡོད་ཅིང།  དེ་ཉིན་ཞོགས་པ་རྡ་རམ་ས་ལར་ཆར་པ་ཧ་ཅང་ཆེ་ནའང།  དམ་པ་གང་གི་སྐུ་ཕུང་གདན་ཞུའི་ཆེད་ཁྲོམ་གཞུང་དང་ལམ་འགྲམ་གྱི་གཡས་གཡོན་གང་སར་མི་ཚོགས་ཀྱིས་ཁེངས་ཞིང།  གུ་དོགས་པའི་ཁྲོམ་གཞུང་དུ་རླང་འཁོར་དང་སྦག་སྦག་སོགས་ཀྱང་ཧ་ཅང་མང་བའི་དབང་གིས་འགྲིམ་འགྲུལ་གྱི་བདེ་འཇགས་སོགས་ཀྱི་ལས་འགན་ཧ་ཅང་ཆེན་པོ་ཡིན་པར་བརྟེན།  འདི་ག་བོད་ཀྱི་དགུ་བཅུ་གསུ་ལས་འགུལ་ཚོགས་པའི་ངོས་ནས་ཀྱང་རྒྱུན་ལས་དང།  ལས་བྱེད། འཚེམ་བཟོ་བ་ཚང་མ་སྐུ་ཕུང་གདན་ཞུའི་དང་བླངས་ཀྱི་ལས་ཀར་མཉམ་བཞུགས་བྱས་ཡོད།

ཟླ ༧ ཚེས་ ༢༦ ཉིན་གྱི་ཞོགས་པའི་ཕྱག་ཚོད་ ༧ པའི་ཐོག་བཞུགས་སྒར་ལྷ་རྒྱལ་རིར་སྐུ་ཕུང་གདན་ཞུའི་ཆེས་མཐའ་མའི་མཛད་སྒོ་འཚོགས་པ་དང།  མཛད་སྒོའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་དང་སྤྱི་འཐུས་ཚོགས་གཙོ་སོགས་ཀྱིས་གཙོས་པའི་སྤྱི་འཐུས་རྣམས་པ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་འཐུས་མི་དང་སེར་རྒྱ་མི་མང་རྒྱ་ཕྲག་མང་པོ་ཕེབས་ཡོད་པ་དང།  འདི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་དང།   ཚོགས་གཞོན་ཟླ་བ་བཀྲིས།  དྲུང་ཆེ་རྒྱལ་ཐང་བླ་མ་བཅས་མཛད་སྒོར་ཚོགས་བཅར་ཞུས་ཡོད་པ་མ་ཟད།  སྐུ་ཕུང་བཞུགས་འབུལ་གྱི་སྐབས་ད་དུང་ལས་བྱེད་དང་འཚེམ་བཟོ་བ་སོགས་ཆེད་བཅར་ཞུས་ཡོད།  རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཆོས་དབྱིངས་དུས་གཏན་དུ་ང་ཚོ་དང་ཞལ་གྱེས་ཀྱང།  ཁོང་གིས་བོད་མི་རིས་དང་རྒྱལ་ཁབ་ལ་བཅངས་པའི་ལྷག་བསམ་དང་སྙིང་སྟོབས་དེ་སྲིད་བར་དུ་གནས་རྒྱུ་མ་ཟད།  ཁོང་གིས་ང་ཚོའི་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བྱས་པའི་དཔའ་མཛངས་ལྡན་པའི་སྙིང་སྟོབས་ལ་ང་ཚོས་དུས་གཏན་དུ་རྗེས་དྲན་བྱ་རྒྱུ་ཡིན།

 

 

 

Leave a Reply

Your email address will not be published. Required fields are marked *