བཙོན་འཇུག།

      June 8, 2016:13 AM

༢༠༡༣ ལོར་རྒྱ་གཞུང་གིས་བོད་མི་འཛིན་བཟུང་བྱས་པའི་མིང་གཞུང་།

࿄ བསྡུ་སྒྲིག་པ། ངས་པོ་རྒྱལ་མཚན།

ཕྱི་ལོ་༢༠༡༣ཟླ་༢ཚེས་༢ཉིན་སྔ་དྲོ་རྒྱ་ནག་གཞུང་གིས་བོད་མདོ་སྨད་རྨ་ལྷོ་རེབ་གོང་གཡེར་གཤོང་དགོན་པའི་རང་ལོ་༤༢ཡིན་པའི་གྲྭ་ཡར་འཕེལ་ལགས་ས་གནས་མངགས་གཏོང་ཁང་དུ་འབོད་འགུག་གིས་འདྲི་གཅོད་བྱས་ཡོད་པ་མ་ཟད། ནག་ཉེས་ལ་གཞིགས་ཏེ་ཁྲིམས་ཐག་གཅོད་རྒྱུ་ཡིན་ཚུལ་བཤད་དེ། ད་ཆར་རེབ་གོང་གྲོག་དམར་ཁ་འོག་ཏུ་ཡོད་པའི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས།
ཕྱི་ལོ་༢༠༡༣ཟླ་༢ཚེས་༡རྒྱ་གཞུང་གིས་ཁམས་ཚ་བ་མཛོ་སྒང་རྫོང་ནས་བོད་མི་དྲུག་དང་སྨར་ཁམས་རྫོང་ནས་གྲྭ་བ་དྲུག་བཅས་མི་བཅུ་གཉིས་འཛིན་བཟུང་བྱས་ཏེ། ད་ཆར་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་འདུག

Prisoner

ཕྱི་ལོ་༢༠༡༣ཟླ་༢ཚེས་༡༤ཉིན་གྱི་མཚན་མོའི་ཆུ་ཚོད་༡༠ཙམ་ལ། ལི་ཐང་གཡོན་རུ་ཧོར་རྙིང་སྡེ་བའི་ཚེ་ཆོས་ལགས། ལི་ཐང་ཧོར་རྙིང་འབྲོག་སྡེའི་བློ་ཟླ་ཚང་ཞེས་པའི་འབྲོག་ཁྱིམ་ཞིག་ནས་རྒྱ་ནག་གི་དམག་མིས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག
ཕྱི་ལོ་༢༠༡༣ཟླ་༢ཚེས་༢༤ལུགས་རྙིང་ལོ་སར་ཚེས་༡༥ཉིན་བོད་མདོ་སྨད་ཀན་ལྷོ་ཁུལ་གྱི་ཉེན་རྟོག་པས་མི་སེར་དཀྱུས་མའི་ལྭ་བ་གོན་ཏེ། བླ་བྲང་བསང་ཆུ་རྫོང་རྒན་གྱ་ཞང་རི་སྔོན་སྡེ་བའི་ནང་ཡོང་སྟེ། རང་ལོ་༢༧ཡིན་པའི་གྲྭ་འཕྲིན་ལས་རྒྱ་མཚོ་ལགས་ལ་སྐད་ཆ་ཞིག་འདྲི་རྒྱུ་ཡོད་ཚུལ་བཤད་དེ་རང་ཁྱིམ་ནས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། ཉིན་དེར་ཉེན་རྟོག་པ་ཚོས་ཁོང་གི་གློག་ཀླད་སོགས་ཅ་དངོས་ཁག་ཅིག་དང་། དཔེ་དེབ་ཡོངས་རྫོགས་རླངས་འཁོར་ནང་བླུགས་ཏེ་འཁྱེར་ཡོད་འདུག
ཕྱི་ལོ་༢༠༡༣ཕྱི་ཟླ་༢ཚེས་༢༧ཉིན་རྒྱ་གཞུང་ཞིན་ཧྭ་གསར་ཁང་གིས། ཀན་སུའུ་ཉེན་རྟོག་པས་ཏཱ་ལའི་རུ་ཚོགས་དང་འབྲེལ་བ་བྱས་ཏེ་རྩ་འཛུགས་དང་ཇུས་འགོད། བརྒྱུད་སྐུལ་ལ་བརྟེན་ནས། བོད་མི་༣གྱིས་རང་ལུས་མེར་བཏང་ཡོད་པའི་ཉེས་མིང་འོག དར་རྒྱས་དང་བསམ་གཏན། བཀྲ་ཤིས་རྒྱ་མཚོ། བསྟན་པའི་རྒྱལ་པོ། བསྟན་བཟང་བཅས་མི་༥འཛིན་བཟུང་ཐོག་ཁྲིམས་གཅོད་བྱ་འཆར་ཡོད་པ་བསྒྲགས་འདུག
ཕྱི་ལོ་༢༠༡༣ཟླ་༣ཚེས་༨ཉིན་དཀར་མཛེས་ཁུལ་གསེར་རྟ་རྫོང་གནུབ་གཟུར་ཡུལ་ཚོའི་པདྨ་ཞེས་པ་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བའི་ཉེས་མིང་འོག་རྒྱ་ནག་གཞུང་གིས་འཇུ་བཟུང་བཙན་ཁྲིད་བྱས་འདུག
ཕྱི་ལོ་༢༠༡༣ཟླ་༣ཚེས་༩ཉིན་གྱི་མཚན་མོའི་བོད་ནང་གི་ཆུ་ཚོད་༡༢ཙམ་ལ་རྔ་པ་ཀིརྟི་དགོན་གྱི་གྲྭ་ཚེ་དཔག་ལགས། དགོན་པའི་ཤར་ཕྱོགས་ཉེ་འཁྲིས་ཀྱི་གྲོང་པའི་ནང་སྲིང་མོ་ནད་པ་ཞིག་གི་ནད་གཡོག་ལ་བསྡད་ཡོད་སྐབས། རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་འདུག ད་ཆར་གར་ཡོད་གང་ཁྲིད་ཤེས་རྟོགས་ཐུབ་མི་འདུག
ཕྱི་ལོ་༢༠༡༣ཟླ་༣ཚེས་༡༡ཉིན་རྒྱ་ནག་གཞུང་གིས་བོད་མདོ་སྨད་མཚོ་སྔོན་མགོ་ལོག་སྟོང་སྐྱབས་དགོན་པའི་གྲྭ་བ་ཞིག་འཛིན་བཟུང་བྱས་ཡོད་པ་མ་ཟད། དགོན་པའི་ནང་བདེ་སྲུང་མི་སྣ་འདུག་སྡོད་ཀྱིས་རྒྱལ་གཅེས་སློབ་གསོ་སྤེལ་གྱི་ཡོད་འདུག
ཕྱི་ལོ་༢༠༡༣ཟླ་༣ཚེས་༡༡གྱི་མཚན་མོར་ནག་ཆུ་སོག་རྫོང་སོག་རོང་སྨད། ཚ་དབྲོག་ཤང་གྲོང་ཚོ་བདུན་པའི་གྲོང་མི་རང་ལོ་༤༠ ཙམ་སོན་པ་ཟླ་རྒྱལ་ལགས་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་འདུག
ཕྱི་ལོ་༢༠༡༣ཟླ་༣ཚེས་༡༡ཉིན་གྱི་མཚན་མོར་ཁམས་ཚ་བ་མཛོ་སྒང་རྫོང་སྨད་ཡུལ་ཤང་སྲིད་གཞུང་གི་སྒོ་ཁར་ཉེན་རྟོག་པ་དང་དམག་མི་མང་པོ་འབྱོར་ཏེ། ངོ་རྒོལ་ལས་འགུལ་དང་སྦྱར་ཡིག་བཀྲམས་པའི་ཉེས་འཛུགས་འོག་ས་གནས་ཀྱི་བོད་མི་༦འཛིན་བཟུང་བཙན་འཁྲིད་བྱས་འདུག
ཕྱི་ལོ་༢༠༡༣ཟླ་༥ཚེས་༧ཉིན་བོད་མདོ་སྨད་རྔ་བ་རྫོང་རྨེའུ་རུ་མ་ཞང་རུ་ཁག་༤པའི་གཞས་པ་པདྨ་རིག་འཛིན་ལཊ་གློ་བུར་དུ་རྒྱ་གཞུང་གི་ཉེན་རྟོག་པས་སི་ཁྲོན་ཁྲིན་ཏུའུ་ནས་འཛིན་བཟུང་བཙན་འཁྲིད་བྱས་འདུག
ཕྱི་ལོ་༢༠༡༣ཟླ་༦ནང་སི་ཁྲོན་ཁྲིན་ཏུའུ་ཡི་ཁྲིམས་ཁང་ཞིག་ནས་བོད་མི་རྡོར་ཕྲུག་ཞུ་བ་ཞིག་ལ་ལོ་༡༠ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
ཕྱི་ལོ་༢༠༡༣ཟླ་༦ཚེས་༡༣ཉིན་རྒྱ་ནག་གཞུང་གིས་བོད་མདོ་སྨད་རྔ་བ་རྫོང་རྨེའུ་རུ་མ་རུ་ཆེན་དང་པོའི་གླུ་བ་པདྨ་འཕྲིན་ལས་དང་། གླུ་བ་ཕྱག་རྡོར་ལགས་གཉིས་ལ་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
ཕྱི་ལོ་༢༠༡༣ཟླ་༡༡ཚེས་༩རྒྱ་གཞུང་གིས་རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གི་སློབ་མ་དབང་ཕྱུག་རྡོ་རྗེ་ལགས་ལ་ས་གནས་ཁྲིམས་ཁང་གིས་སློབ་མའི་ལས་འགུལ་གྱི་སྣེ་འཁྲིད་པའི་ཉེས་མིང་འོག་ལོ་༤ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
ཕྱི་ལོ་༢༠༡༣ཟླ་༧ཚེས་༧རྒྱ་ནག་གཞུང་གིས་ཟླ་འདིའི་ཕྱི་ཚེས་༧ཉིན་སི་ཁྲོན་རྔ་བ་ཁུལ་མཛོད་དགེ་ཐང་སྐོར་སོག་ཚང་དགོན་པའི་གྲྭ་དགེ་ལེགས་ཆོས་འཕེལ་དང་། གྲྭ་བློ་བཟང་ཆོས་འབྱོར། ཐང་སྐོར་རུ་ཁག་གཉིས་པའི་མི་སྐྱ་སྐལ་བཟང་དབྱིག་གཉེན་བཅས་མི་གསུམ་ལ་གནས་ཚུལ་ཅི་ཡིན་གསལ་བཤད་མེད་པར་གློ་བུར་འཇུ་བཟུང་བཙན་འཁྲིད་བྱས་ཏེ། ད་ཆར་ཁོང་གསུམ་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་འདུག
ཕྱི་ལོ་༢༠༡༣ཟླ་༧ཚེས་༣༡ཉིན་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་དགོན་པའི་དགེ་འདུན་པ་ཡོན་ཏན་རྒྱ་མཚོ་ལགས་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་འདུག
ཕྱི་ལོ་༢༠༡༣ཟླ་༨ཚེས་༧ཉིན་གནས་ཚུལ་ཐོན་གསལ། ཟླ་སྔོན་མའི་ཚེས་༡༤ཡས་མས་སུ་རྒྱ་གཞུང་གིས་རྨ་ཆུའི་གླུ་བ་སྐལ་བཟང་ཡར་འཕེལ་ལགས་ལྷ་སར་འཇུ་བཟུང་བྱས་ཏེ། ད་ཆར་ཁྲིན་ཏུའུ་གྲོང་ཁྱེར་གྱི་ལྟ་སྲུང་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་པའི་གནས་ཚུལ་གསར་དུ་ཐོན་འདུག
ཕྱི་ལོ་༢༠༡༣ཟླ་༩ཚེས་༩ཉིན་སྟར་ཆེན་ཡུལ་ཚོ་ཡར་ཐང་མར་ཐང་གྲོང་ཚོའི་རང་ལོ་༢༧ཡིན་པའི་བློ་བཟང་ཚེ་རིང་དང་། རང་ལོ་༢༦ཡིན་པའི་དུང་ཕུག རང་ལོ་༣༥ཡིན་པའི་ཟླ་རྒྱལ། རང་ལོ་༣༡ཡིན་པའི་སྐར་མ། རང་ལོ་༢༨ཡིན་པའི་རྒྱ་ལྷུག རང་ལོ་༢༩ཡིན་པའི་རྒྱལ་བ། རང་ལོ་༣༩ཡིན་པའི་སྲི་ཆོད། རང་ལོ་༢༧ཡིན་པའི་ཆོས་དར། རང་ལོ་༢༡ཡིན་པའི་བྱམས་པ་བཅས་ཁྱོན་བོད་མི་༥༠ལྷག་འཛིན་བཟུང་བྱས་ཏེ་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་ཤེས་ཀྱི་མེད་པར་ལྷག་ཡོད་པ་མ་ཟད། སྐབས་དེར་འཛིན་བཟུང་བྱས་པའི་དུང་ཕུག་ལགས་ལ་ཉེས་རྡུང་བཏང་སྟེ་ད་ཆར་སྨན་ཁང་དུ་ཛ་དྲག་གི་གནས་སུ་ལྷག་ཡོད་འདུག
ཕྱི་ལོ་༢༠༡༣ཟླ་༩ཚེས་༡༡ཉིན་ནག་ཆུ་འབྲི་རུ་རྫོང་གི་རྒན་པོ་ཟླ་གཡང་ལགས་ཀྱིས”བོད་རང་དབང་རང་བཙན་ཡིན། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག”ཅེས་སྐད་འབོད་བྱས་ཏེ་རྒྱ་གཞུང་གིས་འཛིན་བཟུང་བྱས་འདུག
ཕྱི་ལོ་༢༠༡༣ཟླ་༩ཚེས་༡༧རྒྱ་གཞུང་གིས་ཁམས་རྟའུ་རྫོང་གི་བོད་མི་རིན་ཆེན་དར་རྒྱས་ཞུ་བ་རང་ལུས་མེར་བསྲེཊ་དང་འབྲེལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་འདུག
ཕྱི་ལོ་༢༠༡༣ཟླ་༡༠ཚེས་༡༡ཉིན་ནག་ཆུ་ས་གནས་མཐོ་སྒང་ལམ་བདེ་བྱང་མགྲོན་ཁང་སྒོ་འགྲམ་ནས་བུད་མེད་སྐལ་བཟང་ལགས་གློ་བར་དུ་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
ཕྱི་ལོ་༢༠༡༣ཟླ་༡༠ཚེས་༡༡ཉིན་ཁམས་ནགས་ཤོད་འབྲི་རུ་རྫོང་གི་ན་གཞོན་རྩོམ་པ་པོ་ཚུལ་ཁྲིམས་རྒྱལ་མཚན་ནམ་པིར་མིང་ལ་ཞོགས་དྲིལ་དང་ཁོང་གི་གྲོགས་པོ་གཡུལ་རྒྱལ་གཉིས་རྒྱ་གཞུང་གི་ཉེན་རྟོག་པས་འཇུ་བཟུང་བྱས་འདུག
ཕྱི་ལོ་༢༠༡༣ཟླ་༡༠ཚེས་༢༥ཉིན་རྒྱ་ནག་གཞུང་གིས་དེ་སྔོན་སྔ་རྗེས་ཐེངས་གསུམ་ལ་འཛིན་བཟུང་གིས་ལོ་༡༤བཙོན་འཇུག་བྱས་པའི་ལྷ་ས་ཆུ་ཤུལ་རྫོང་གི་ཆབ་སྲིད་བཙོན་ཟུར་ཐུབ་བསྟན་བསོད་ནམས་ལགས། ཟླ་གཉིས་ཀྱི་གོང་དུ་གསང་བའི་སྒོ་ནས་ཡང་བསྐྱར་འཛིན་བཟུང་བྱས་ཏེ། ད་ཆར་ནང་མི་ཉེ་འབྲེལ་ཚོས་ཁོང་ནག་ཉེས་ཅི་ཞིག་གི་དབང་གིས་འཛིན་བཟུང་བྱས་མིན་དང་། ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་མ་ཤེས་པར་ལྷག་ཡོད་འདུག
ཕྱི་ལོ་༢༠༡༣ཟླ་༡༡ཚེས་༧ཉིན་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མིས་ནགས་ཤོད་འབྲི་རུ་རྫོང་གཤམ་ཆུ་ཞང་སྟེང་མཁར་གྲོང་གི་མི་༡༥འཛིན་བཟུང་བྱས་ཡོད་འདུག དེ་དག་ནི་རང་ལོ་༤༩ཡིན་པའི་གསར་སྐྱིད་དང་། རང་ལོ༤༧ཡིན་པའི་མཚོ་ཕན། རང་ལོ་༢༥ཡིན་པའི་གཡང་སྐྱིད་བཅས་བུད་མེད་༣དང་། རང་ལོ་༢༢ཡིན་པའི་ཚེ་རིང་དང་རང་ལོ་༢༡ཡིན་པའི་ཚེ་རིང་ཕུན་ཚོགས། རང་ལོ་༢༡ཡིན་པའི་བཀྲ་རྡོར། རང་ལོ་༡༧ཡིན་པའི་ཀུན་གྲགས། རང་ལོ་༤༡ཡིན་པའི་དགའ་སྦུག རང་ལོ་༢༢ཡིན་པའི་བསྟན་པ། རང་ལོ་༢༧ཡིན་པའི་ཐུབ་ཆེན། རང་ལོ་༢༥ཡིན་པའི་བསོད་བཀྲ། རང་ལོ་༢༡ཡིན་པའི་ཚེ་རིང་བྱང་ཆུབ། རང་ལོ་༢༣ཡིན་པའི་འཇིགས་མེད་ཕུན་ཚོགས། རང་ལོ་༢༤ཡིན་པའི་ལམ་བཟང་། རང་ལོ་༡༩ཡིན་པའི་ཚེ་དབང་སྐྱབས་བཅས་སྐྱེས་པ་༡༢བཅས་བོད་མི་བཅོ་ལྔ་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག
ཕྱི་ལོ་༢༠༡༣ཟླ་༡༡ཚེས་༡༡ཉིན་གྱི་མཚན་མོར་རྒྱ་ནག་གཞུང་གིས་ཁམས་སོག་རྫོང་ཅུང་པ་རྒྱལ་ཆེན་ཡུལ་ཚོ་གྲོང་ཚོ་ལྔ་བའི་རང་ལོ་༢༧ཡིན་པའི་ཐུབ་བསྟན་རྒྱལ་མཚན་ལགས་འཛིན་བཟུང་བཙན་འཁྲིད་བྱས་ཏེ། ད་ཆར་ནང་མི་ཉེ་འབྲེལ་ཚོས་ཁོང་གང་དུ་བཙོན་འཇུག་བྱས་ཡོད་མེད་དང་། ཤི་གསོན་གྱི་གནས་སྟངས་ཅི་ཡང་མ་ཤེས་པར་ལྷག་ཡོད་འདུག
ཕྱི་ལོ་༢༠༡༣ཟླ་༡༡ཚེས་༡༨ཉིན་ཁམས་འབྲི་རུ་རྫོང་ཚྭ་ཆུ་ཞང་རྔ་གཡང་གྲོང་གི་བློ་བཟང་ཆོས་དབྱིངས་ལགས་སྔོན་འབྲི་རུ་རྫོང་གི་སློབ་གྲྭའི་ངོ་རྒོལ་དང་འབྲེལ་བ་ཡོད་པའི་ཉེས་མིང་དང་། ཀུན་མཆོག་ཆོས་འཕེལ་ལགས་ཀྱིས་འབྲི་རུའི་ནང་བྱུང་བའི་གནས་ཚུལ་ཁག་ཕྱིར་གཏོང་བྱས་པའི་ཉེས་མིང་འོག་ཁོང་གཉིས་འོག་འཛིན་བཟུང་བྱས་འདུག
ཕྱི་ལོ་༢༠༡༣ཟླ་༡༡ཚེས་༢༣ཉིན་དཀར་མཛེས་དཔལ་ཡུལ་རྫོང་གཏེར་ལུང་དགོན་གྲོང་གཉིས་ཀྱི་མི་༨རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་ད་ཆར་དགོན་གྲོང་གཉིས་རྒྱ་དམག་གིས་བསྐོར་ཡོད་འདུག
ཕྱི་ལོ་༢༠༡༣ཟླ་༡༢ཚེས་༦ཉིན་ཁམས་ནགས་ཤོད་འབྲི་རུའི་ན་གཞོན་གཞས་པ་མགོན་པོ་བསྟན་འཛིན་ལགས་དང་འཕྲིན་ལས་ཚེ་དཀར་ལགས་གཉིས་སྔ་རྗེས་སུ་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས་འདུག
ཕྱི་ལོ་༢༠༡༣ཟླ་༡༢ཚེས་༡༣ཉིན་ནག་ཆུ་རྫོང་རྟར་ཆེན་ཤང་ཨག་ཆེན་གྲོང་ཚོ་ནས་ཡིན་པའི་མཚོ་སྐྱེས་ལགས་རྒྱ་གཞུང་གིས་འཛིན་བཟུང་བྱས་རྗེས་གར་སོང་ཆ་མེད་ཆགས་ཡོད་འདུག

༡
3125
སངས་རྒྱས་འཚོས་རང་ལུས་མེར་བསྲེགས།

28 May, 2015

༢
བསྟན་འཛིན་རྒྱ་མཚོས་སྐུ་ལུས་མེར་བསྲེགས།

21 May, 2015

༣
འཕཊ་མ་དང་འཇིཊ་མེད་གཉིས་བཙོན་གྲོལ།

Leave a Reply

Your email address will not be published. Required fields are marked *