སྒྲོལ་མ་མཚོ་དང་དཀོན་མཆོག་བློ་གྲོས་གློད་བཀྲོལ་བཏང་འདུག
          December 5, 2016:15 AM

    སྤྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༣ ཉིན་རྔ་པ་རྫོང་མི་མང་ཁྲིམས་ཁང་ཟེར་བས་ཁྲིམས་རྭ་འཚོགས་ནས་སྒྲོལ་མ་མཚོ་དང། དཀོན་མཆོག་བློ་གྲོས།

    བླ་བྲང་འཇིགས་མེད་རྒྱ་མཚོ་བཙོན་གྲོལ་ཐོབ་པ།
          October 27, 2016:46 AM

    སྤྱི་ལོ་  ༢༠༡༦ ཟླ་ ༡༠ ཚེས་  ༢༦  ཉིན་བོད་ནང་གི་ཕྱི་དྲོའི་ཕྱག་ཚོད་བརྒྱད་དང་ཕྱེད་ཀའི་ཐོག་བོད་ཀྱི་ཆབ་སྲིད་བཙོན་པ་བླ་བྲང་འཇིགས་མེད་

    དགེ་འདུན་པ་བློ་བཟང་ལགས་ལ་ཁྲིམས་ཐག་བཅད།
          July 20, 2016:04 AM

    དགེ་འདུན་པ་བློ་བཟང་ལགས་ལ་ཁྲིམས་ཐག་བཅད། ༄༅། །ཕྱི་ཟླ་ ༧ ཚེས་ ༡༩ ཉིན་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་བློ་བཟང་ལགས་ལ་རྒྱ་གཞུང་གིས་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་འདུག གྲྭ་བློ་བཟང་ལགས་ཀྱིས་ན་ནིང་ཕྱི་ཟླ་ ༩ ཚེས་ ༡༥ ཉིན་རྔ་བ་རྫོང་ཐོག་ཏུ་༸གོང་ས་མཆོག་དང་༸པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་པར་ཞིག་ཐོད་ལ་ཕྱར་ཏེ་ “༸གོང་ས་མཆོག་སྐུ་ཚེ་བརྟན་པར་ཤོག བོད་ལ་རང་དབང་དགོས། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་བཙོན་ནས་གློད་གྲོལ་གཏོང་དགོས་” ཞེས་ཞི་བའི་སྐད་འབོད་བྱས་རྐྱེན་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། ཟླ་ ༡༠ ལྷག་ཙམ་རིང་བཀག་ཉར་འདྲི་རྩད་བྱས་རྗེས། རྔ་བ་རྫོང་ནས་སྤྱི་ལེ་ ༣༠༠ ཙམ་གྱི་སར་ཡོད་པའི་མོང་ཞན་ས་གནས་ཁྲིམས་ཁང་གིས་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་གནས་ཚུལ་ཐོན་འདུག […]

    ཁྲིམས་བཅད།
          June 8, 2016:07 AM

    21 May, 2015 ༢༠༡༣ ལོར་བོད་མིར་ཁྲིམས་ཆད། ༢༠༡༣ ལོར་རྒྱ་གཞུང་གིས་བོད་མི་རྣམས་ལ་ཁྲིམས་ཐག་བཅད་པའི་གནས་ཚུལ། ࿄ བསྡུ་སྒྲིག་པ། ངས་པོ་རྒྱལ་མཚན། ༄༅། །ཕྱི་ལོ་༢༠༡༣ཟླ་༡ནང་རྒྱལ་རོང་ཚོ་བདུན་ཞང་ད་ཐོག་སྡེ་བའི་གཞིམ་གོན་ཚང་གི་ཚོ་བདུན་ཀིརྟི་དགོན་གྱི་གྲྭ་བློ་བཟང་སེང་གེ་ལགས་སུ་རྔ་བ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་ལོ་༢དང་། རྒྱལ་རོང་ཚོ་བདུན་ཞང་ད་ཐོག་སྡེ་བའི་སྤོད་ས་ཁེར་ཚང་གི་ཚོ་བདུན་ཀིརྟི་དགོན་གྱི་གྲྭ་ཨ་སྲུང་ལ་ལོ་༢དང་ཟླ་༦རྒྱལ་རོང་ཚོ་བདུན་ཞང་གཙུག་ཚེ་སྡེ་བའི་མོས་སྐོས་གྱོ་ཚང་གི་ཚོ་བདུན་ཀིརྟི་

Copyright © 2017 — GU-CHU-SUM All Rights Reserved