སྒྱུ་རྩལ་དང་དུས་དྲན་སྲུང་བརྩི།
          June 27, 2017:05 AM

    སྤྱི་ལོ་  ༢༠༡༧ ཟླ་  ༦ ཚེས་  ༢༦ ཉིན་མོ་ནི་རྒྱལ་སྤྱིའི་མནར་གཅོད་འགོག་པའི་ཉིན་མོ་ཡིན་ཞིང།  དེ་ཉིན་འདི་ག་ཚོགས་པས་ལོ་ལྟར་དུས་དྲན་དེར་སྲུང་བརྩི་བྱེད་བཞིན་པ་ལྟར་འདི་ལོ་ཡང་སྲུང་བརྩི་ཞུས་ཡོད།  

    འདི་ག་ཚོགས་པའི་དྲ་རྒྱ་གསར་པ་ཤར་གཏོང་བྱས་ཡོད།
          June 1, 2017:36 AM

    དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་ནི་དྲ་རྒྱའི་སྤྱི་ཚོགས་ཡིན་པ་དང། དྲ་རྒྱའི་འཕྲུལ་ཆས་དར་ཁྱབས་བྱུང་བ་དེས་འཛམ་གླིང་འདི་ཧ་ཅང་ཆུང་ཆུང་ཞིག་ཡིན་པའི་འཚོར་སྣང་སྐྲུན་ཡོད་ལ།

    རྒྱལ་གཅེས་པ་ཨ་མ་ཨ་བདེའི་སྐུ་ཟླ་རིན་ཆེན་བསམ་གྲུབ་འདས་གྲོངས་སོང་བར་ཡིད་སྐྱོ་བའི་མྱང་ངན་ཞུ།
          June 1, 2017:23 AM

    འདི་ག་ཚོགས་པའི་ཚོགས་མི་རྒྱལ་གཅེས་པ་ཨ་མ་ཨ་བདེའི་སྐུ་ཟླ་རིན་ཆེན་བསམ་གྲུབ་ལགས་སྤྱི་ལོ་ ༌༌༌༌༌

    ཆེས་མཐའ་མཇུག་གི་ཕྱག་བྲིས།
          February 15, 2017:03 AM

      སྤྱི་ལོ་  ༢༠༡༧  ཟླ་  ༢ ཚེས་ ༡༣ ཉིན་སྐུ་ངོ་སྣར་སྐྱིད་ངག་དབང་དོན་གྲུབ་ལགས་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག  ཁོང་དགོངས་པ་རྫོགས་དགུང་གྲངས་ ༨༦ ལ་ཕེབས་ཡོད་པ་རེད།  

    རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་སྲུང་རྩི་ཞུ།
          December 10, 2016:30 AM

    སྤྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༠ ཉིན་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་གཏན་འཁེལ་བྱས་ཏེ་མི་ལོ་ཧྲིལ་པོ ༦༨ འཁོར་བ་དང།

    གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་ཆེད་མར་མེའི་འདུ་ཚོགས།
          October 20, 2016:55 AM

    སྤྱི་ལོ་  ༢༠༡༦ ཟླ་ ༡༠ ཚེས་ ༡༩ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང།  བོད་ཀྱི་བེུད་ལྷན་ཚོགས།  བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ།  རྒྱལ་ཡོངས་མང་གཙོ་ཚོགས་པ།  

    བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་མཇུག་སྒྲིལ་བ།
          October 11, 2016:39 AM

    བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་དེ་བཞིན་སྤྱི་ལོ་  ༢༠༡༦  ཟླ་༩ ཚེས་ ༢༧  ཉིན་ནས་ཚེས་  ༢༩  བར་བཞུགས་སྒར་ནོར་བུ་གསོལ་མགྲོན་ཁང་དུ་སྐོང་འཚོགས་གནང་བ་དང།

    དོན་ཚན་གཉིས་དང་འབོད་སྐུལ་གཅིག་ཞུ་ཆེད་ཡོང་ཡིན།
          July 28, 2016:03 AM

    ༄༅། །དེ་རིང་ཕྱི་ཚེས་ ༢༨ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག བོད་ཀྱི་ཆབ་སྲིད་བཙོན་ཟུར་འདས་པོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཚ་མོ་ཉི་མ་ལྷ་མོ་ལགས་ཉེ་ཆར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་ཡོད་པ་དང་། དེ་རིང་མོ་དང་མོའི་སྤུན་མཆེད་དགེ་བཤེས་བློ་བཟང་ཡོན་ཏན་གཉིས་ཀྱིས་གངས་སྐྱིད་ཕྱི་ དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་སྤྲུལ་སྐུ་གྲོངས་རྐྱེན་སྐོར་ལ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཡོད་འདུག སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཚ་མོ་ཉི་མ་ལྷ་མོས་ཁོང་རྒྱ་གར་དུ་ཡོང་དགོས་དོན་དེ་དོན་ཚན་གཉིས་དང་འབོད་སྐུལ་གཅིག་ཞུ་ཆེད་ཡོང་བ་ཡིན་གསུང་གི་ཡོད་པ་དང་། དེ་ཡང་།  སྤྲུལ་སྐུ་ལགས་རྒྱ་ནག་གཞུང་གིས་བཙོན་ཁང་ནང་བཀྲོངས་པ་ཡིན་སྐོར། དེའི་སྐོར་ལ་རྒྱལ་སྤྱིའི་ཐོག་ནས་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་རོགས་ཞེས་འབོད་སྐུལ་བྱས་ཡོད་འདུག གཞན་ཡང་། ཚེས་ ༢༥ ཉིན་འདི་ག་ཚོགས་པའི་ཚོགས་གཙོ་ཀླུ་མཁར་བྱམས་དང་། དྲུང་ཆེ་ཟླ་བ་བཀྲིས། རྒྱུན་ལས་འཆི་མེད་རྡོ་རྗེ་། རྒྱུན་ལས་རྡོ་རྗེ་ཚེ་རིང་། དབྱིན་དྲུང་བསྟན་འཛིན་སྐལ་བཟང་བཅས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་ཚ་མོ་རྒྱ་གར་ལ་བཙན་བྱོལ་དུ་བདེ་འབྱོར་ཐུབ་པར་འཚམས་འདྲི་ཞུ་བར་བསྐྱོད་པ་དང་། ཚོགསགཙོ་ཀླུ་མཁར་བྱམས་ཀྱིས་ཐོག་མར་སྐུ་ཉིད་རྒྱ་གར་དུ་བདེ་འབྱོར་ཐུབ་པར་བཀྲིས་བདེ་ལེགས་ཞུས་པ་དང་ཆབས་ཅིག སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིིན་པོ་ཆེ་མཆོག་རྒྱ་གཞུང་གི་མ་ཉེས་ཁ་གཡོག་འོག་བཙོན་འཇུག་བྱས་པ་ནས་བཟུང་བཙན་བྱོལ་དུ་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་སོགས་ནས་རིན་པོ་ཆེ་བཙན་གྲོལ་ཡོང་ཐབས་དང་། ཐ་ན། བཙན་བྱོལ་དུ་སྨན་བཅོས་ཀྱི་མིང་ཐོག་ནས་ཐར་ཐབས་སོགས་ཀྱི་ཆེད་ལས་འགུལ་སྣ་ཚོགས་ཞིག་སྤེལ་ཡོད་ཀྱང་། ང་ཚོའི་ནུས་ཤུགས་ཀྱིས་མ་འདང་བ་དང་རྒྱ་གཞུང་གི་སྲིད་ཇུས་གདུག་རྩུབ་ཆེ་བ་སོགས་རྒྱུ་རྐྱེན་སྣ་མང་ལ་བརྟེན་ནས་རེན་པོ་ཆེ་མཆོག་དགོངས་པ་རྫོགས་པ་དེ་ནི་ཡིད་སྐྱོ་བའི་གནས་ཚུལ་ཞིག་དང་། […]

Copyright © 2017 — GU-CHU-SUM All Rights Reserved