རྒྱ་གཞུང་གི་བཙན་ཤེད་དུས་དབང་ལ་ངོ་རྒོལ།
          July 21, 2016:53 AM

    ༄༅། །དེ་རིང་ཕྱི་ཟླ་ ༧ ཚེས་ ༢༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༠༠ སྟེང་། དྷ་སའི་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཡོད་པའི་ཆོལ་གསུམ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྡོ་རིང་མདུན་ཐང་དུ། ངེད་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་། བོད་ཀྱི་བེུད་ལྷན་ཚོགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས་བཀོད་སྒྲིག་འོག རྒྱ་ནག་གཞུང་གིས་བཙན་ཤེད་དང་བསླུ་བྲིད་ཀྱིས་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྫུན་མ་རྒྱལ་མཚན་ནོར་བུ་ལ་རྒྱ་གཞུང་གིས་གཞིས་ཀ་རྩེར་དུས་འཁོར་དབང་ཆེན་བཀོད་སྒྲིག་བྱས་པ་གཙོས་ཆོས་ལུགས་དང་ཆབ་སྲིད་ཐོག་བེད་སྤྱོད་ལོག་པ་བྱེད་ཀྱིན་པའི་སྲིད་ཇུས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཞིག་ཡོད། དེ་ཡང་། རྒྱ་ནག་གཞུང་གིས་བཙན་ཤེད་དང་བསླུ་བྲིད་ཀྱིས་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྫུན་མ་རྒྱལ་མཚན་ནོར་བུར་བཙན་ཤེད་ཀྱི་འོག་དུས་འཁོར་དབང་ཆེན་པའི་གནང་གི་ཡོད་པ་དང་། དེ་རིང་བོད་ཀྱི་རྒྱལ་ས་ལྷ་སའི་གཞིས་ཀ་རྩེར་དངོས་སུ་འགོ་འཛུགས་བྱས་ཡོད་པས་ན། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ཆོས་ལུགས་ཆབ་སྲིད་ཐོག་བེད་སྤྱོད་ལོག་པ་བྱེད་པའི་སྲིད་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་གྱིས། པཎ་ཆེན་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་ཏེ། རྒྱ་གཞུང་གི་བཙོན་ཁང་འོག་ཏུ་ཡོད་པའི་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་མགྱོགས་མྱུར་གྱིས་གློད་གྲོལ་དང་བདེན་སྐྱོབ་ཡོང་བའི་རེ་འབོད་བྱས་ཡོད། དེ་ཡང་གོང་འཁོད་ཚོགས་པ་ཁག་གིས་མཉམ་དུ་གསལ་འགོད་བསྒྲགས་གཏམ་སྤེལ་དོན། ༄༅། །རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ལ་ཕྱོགས་ཡོངས་ནས་མཐོང་ཆུང་ཁྱད་གསོད་དང་། མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་ལག་ལེན་བྱེད་པའི་དུས་སྐབས་འདིར། […]

    རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ཉིན་མོ་སྲུང་བརྩི།
          June 28, 2016:08 AM

    ༄༅། །ཕྱི་ཟླ་ ༦ ཚེས་ ༢༦ ཉིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་བཀོད་སྒྲིག་འོག་རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ཉིན་མོ་ International Day in Support of Victims of Torture སྲུང་བརྩི་དང་། རྒྱ་གཞུང་གིས་བོད་མི་རྣམས་ཁྲིམས་མེད་བཙན་ཁྲིད་བྱས་ཤིང་། ཁྲིམས་མེད་རྡུང་རྡེག་ཚད་མེད་བཏང་དང་གཏོང་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དུ། བདུན་གཅིག་གི་སྔོན་ནས་དྲ་ཐོག་ཏུ་ལག་མཐིལ་ལས་འགུལ་Palm Campaign སྤེལ་པ་དང་། སྦྱར་པང་འདྲ་པར་དྲ་བར་སྤེལ་བའི་ལས་འགུལ་ Placard display campaign སོགས་སྤེལ་ཞིང་། […]

    མང་གཙོའི་ལམ་སྲོལ་སྲ་བརྟན་དང་དེའི་ནང་ཆ་ཤས་ལེན་སྟངས་སྐོར་གྱི་ཚོགས་འདུ།
          June 28, 2016:52 AM

    མང་གཙོའི་ལམ་སྲོལ་སྲ་བརྟན་དང་དེའི་ནང་ཆ་ཤས་ལེན་སྟངས་སྐོར་གྱི་ཚོགས་འདུ། ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༣ ཚེས་ ༢༡ ཉིན་གྱི་དགོང་མོར་དྷ་ས་ནས་ཐོན་ཏེ་ཚེས་ ༢༣ ནས་ ༢༤ ཉིན་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བསྟི་གནས་ཁང་དུ་ཨེ་ཤི་ཡའི་ས་ཁུལ་དུ་མང་གཙོའི་ལམ་སྲོལ་སྲ་བརྟན་དང་། མང་གཙོའི་ལམ་སྲོལ་ནང་ཆ་ཤས་ལེན་སྟངས་དང་ཐོབ་ཐང་ལོངས་སུ་སྤྱོད་སྟངས།  ‘Strengthening Democracy in Asia: Inclusion, Participation, and Rights’  སྐོར་གྱི་ཚོགས་ཆེན་དུ། སྤྱི་ནོར་༸གོང་ས་ཆེན་མོ་མཆོག་ཚོགས་མགོར་ཆིབས་སྒྱུར་བསྐྱངས་པས་དབུས་རྒྱལ་ཁབ་ཉི་ཤུ་ལྷག་གི་མི་སྣ་འཛོམས་ཤིང་། ཉིན་གཉིས་རིང་ལ་གཏམ་བཤད་དང་དྲིས་ལན་ལྷུག་པོར་གནང་། དེར་རང་རེའི་ཚོགས་པའི་ཚོགས་གཞོན་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་དང་། […]

    ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས།
          June 28, 2016:59 AM

    ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚོགས་སྐྱིད་ཁག་གིས་བརྟན་བཞུགས་བསྟར་འབུལ། ༄ ༅། །བོད་རྒྱལ་ལོ་ ༢༡༤༢ རབ་གནས་ཤིང་ལུག་ལོའི་བོད་ཟླ་ ༦ ཚེས་ ༤ སྟེ་ཆོས་འཁོར་དུས་ཆེན་དང་། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢༠ རེས་གཟའ་ཟླ་བའི་ཉིན་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༸སྐུའི་གྱ་ སྟོན་དང་འབྲེལ། སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་སླད་དུ། འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་། བལ་ཡུལ་དགེ་ལྡན་ལྷན་ཚོགས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས། ཤངས་དགའ་ལྡན་ཆོས་འཁོར་གླིང། […]

    རྒྱ་གར་ལྷོ་ཕྱོགས་སུ་རྒྱུན་ལས་ཕྱོགས་བསྐྱོད།
          June 28, 2016:43 AM

    ༄༅། །ཕྱི་ལོ་ ༢༠༡༥ ལོའི་ཕྱི་ཟླ་ ༡ཚེས་ ༡༢ ཉིན་གྱི་དགོང་མོར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་དང་། རྩོམ་སྒྲིག་པ་རྡོ་རྗེ་ཚེ་རིང་གཉིས་འདི་ག་དྷ་ས་ནས་རྡོག་ཐོན་གྱིས་ལྷོ་ཕྱོགས་ཀྱི་གྲྭ་ས་ཁག་གི་ཚོགས་མི་དག་ལ་ཐུག་འཕྲད་དང་། གཙོ་ཆེར་ཚོགས་མི་ཆབ་སྲིད་བཙོན་ཟུར་རྣམས་ཀྱི་བཙོན་འོག་གི་ལོ་རྒྱུས་རྣམས་བརྙན་ལེན་བྱ་ཆེད་དང་།  ཕྱི་ལོ་ ༢༠༡༤ ལོར་ཚོགས་པས་ཛ་དྲག་ཚོགས་ཆེན་འཚོགས་ནས་རྒྱུན་ལས་འཕོ་འགྱུར་བྱུང་ཚུལ་སོགས་ལས་དོན་མང་དག་ཅིག་གི་ཆེད་དུ་ལྡི་ལི་ནས་ལྷོ་ཕྱོགས་སུ་ཕྱིན་ཡོད།   ཕྱི་ཟླ་༢ཚེས་༡༣ཉིན་ཕྱིར་ལས་ཁུངས་སུ་འབྱོར་ནས། ཟླ་གཅིག་ཙམ་གྱི་རྩ་བའི་ཉིན་རེའི་ལས་སྡོམ་ཀུན་གསལ་མ་ཞེས་པ་ཤོག་ལྷེ་བཞི་དོན་ཚན་ ༤༧ ཅན་ཞིག་ཚོགས་པར་དངོས་ཕུལ་གྱིས། ཚོགས་མི་ཁག་ཅིག་གི་ངོ་སྤྲོད་ལག་འཁྱེར་གསར་བཟོ་བྱས་པའི་ཡིག་ཚགས་དང་། ཚོགས་མི་དག་གི་ཚོགས་དངུལ་བསྡུ་རུབ། ད་དུང་ཚོགས་མི་གསར་ཞུགས་པའི་ཡིག་ཚགས་ཚད་ལྡན་བསྡུ་རུབ།           གྲྭ་ས་སེ་འབྲས་དགའ་གསུམ་གཙོས་ཆོས་སྡེ་ཆེན་པོ་ཁག་དགུ་ནས་ཚོགས་མི་དགེ་འདུན་པ་དག་གི་མཚན་ཐོ་དང་། འབྲེལ་གཏུགས་ཨང་གྲངས། སྡོད་གནས་ཁ་བྱང་བཅས་དང་། ཚོགས་མི་དེ་དག་གི་དགོངས་ཚུལ་དོན་ཚན་བཅུ་གཉིས་བཅས་སྦྱར་ནས་ཤོག་ལྷེ་༨ཉར་ཚགས་དང་། […]

    མཉམ་རུབ་ཀྱི་ལས་འགུལ་སྤེལ་ཕྱོགས་ཐད་གྲོས་བསྡུར།
          June 8, 2016:47 AM

    མཉམ་རུབ་ཀྱི་ལས་འགུལ་སྤེལ་ཕྱོགས་ཐད་གྲོས་བསྡུར། ཕྱི་ལོ་ ༢༠༡༤ ཟླ་ ༠༢ ཚེས་ ༡༡ ཉིན་ནོར་ཝེའི་རླུང་འཕྲིན་ཁང་གིས་གོ་སྒྲིག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་International Campaign for Tibetའགན་འཛིན་གསར་བ་དང་འགན་འཛིན་ལྷན་ཚོགས་ཀྱི་འཐུས་མི། ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བྱམས་པ་ཚེ་རིང་ལགས་བཅས་རྡ་སར་ཆེད་བཅར་བྱེད་སྐབས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་པ་སངས་ཚེ་རིང་ལགས་དང་ཚོགས་གཞོན་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་གཉིས་ཆེད་བཅར་བྱས་ཤིང་། སྐབས་དེར་བོད་ཀྱི་གཞོན་ལྷན། བུད་མེད་ལྷན་ཚོགས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་བཅས་ཚོགས་གཙོ་ཚོགས་གཞོན་བཅས་གནད་ཡོད་མི་རྣ་རྣམས་དམིགས་བསལ་གྱིས་མགྲོན་འབོད་བྱས་ཏེ་ཚོགས་པ་སོ་སོ་ངོ་སྤྲོད་དང་འབྲེལ་མ་འོངས་པའི་ལས་འཆར། ལྷག་པར་དུ་བོད་ནང་གི་གནས་བབ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་དོན་བྱེད་ཕྱོགས། དེ་བས་ཀྱང་གལ་ཆེ་བ་ཞིག་ལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་དང་མཉམ་འབྲེལ་བྱེད་ཐབས་བཅས་ཀྱི་སྐོར་ལ་གྲོས་བསྡུར་ལྷུག་པོར་ཞུས།

    ༢༠༡༤ལོའི་སུམ་བཅུའི་དུས་དྲན།
          June 8, 2016:46 AM

    ༢༠༡༤ལོའི་སུམ་བཅུའི་དུས་དྲན། by · April 22, 2014 ཕྱི་ལོ་ ༢༠༡༤ ཟླ་ ༠༣ ཚེས་ ༡༠ ཉིན་བོད་མིའི་སྒེར་ལངས་སུམ་བཅུའི་དུས་དྲན་ ༥༥ ཉིན་གཞུང་འབྲེལ་མཛད་སྒོ་གྲོལ་རྗེས་བོད་ཀྱི་གཞོན་ནུ་ལྷན་ཚོགས། བུད་མེད་ལྷན་ཚོགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་དབང་སློབ་ཕྲུག་ཚོགས་པ་བཅས་ཀྱིས་གོ་སྒྲིག་འོག ཐེག་ཆེན་གཙུག་ལག་ཁང་ནས་རྡ་ཤོད་ཀ་ཅ་རིའི་བར་སྐད་འབོད་ཞི་བའི་གོམ་བགྲོད་ལས་འགུལ་ལ་མཉམ་ཞུགས་གནང་མཁན་སྤྱི་འཐུས་ལས་ཐོགས་རྣམ་པ་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ། སྐྱ་སེར་མི་མང་། སློབ་ཕྲུག གསར་འགོད་པ་བཅས་ཁྱོན་མི་མང་བཞི་སྟོང་ལྷག་འདུ་འཛོམས་བྱས་ཏེ་ཐང་སྟོང་གླུ་གར་ཚོགས་པས་བོད་ཀྱི་རྒྱལ་གླུ་བཏང་རྗེས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་རྨེའུ་དཀོན་རྒྱམ་ལགས་ཀྱིས་སུམ་བཅུའི་དུས་དྲན་ངོ་སྤྲོད་དང་འབྲེལ་ཐོག་མའི་དབུ་འབྱེད་གཏམ་བཤད་གནང་། དེ་རྗེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲ་ཤིས་ལམ་བཟང་ལགས་ཀྱིས་ཚོགས་པ་བཞིའི་སུམ་བཅུའི་དུས་དྲན་གྱི་བསྒྲགས་གཏམ་སྒྲོག་སྦྱོང་བྱས་ཤིང་བོད་ཀྱི་བུད་མེད་ལྷན་ཚོགས་སྤྱི་ཁྱབ་དྲུང་ཆེ་ཉི་མ་ལྷ་མོ་ལགས་ཀྱིས་དབྱིན་ཡིག་བསྒྲགས་གཏམ་སྤེལ། བོད་རང་དབང་སློབ་ཕྲུག་ཚོགས་པའི་ངོས་ནས་ཐུགས་རྗེ་ཆེ་མཇུག་སྡོམ་གནང་།

    རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཀྱི་ཚོགས་འདུ།
          June 8, 2016:41 AM

    རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཀྱི་ཚོགས་འདུ། BY · APRIL 22, 2014 ཕྱི་ལོ་༢༠༡༤ཟླ་༠༣ཚེས་༡༤ནས་ཚེས་༡༦བར་རྒྱ་གར་རྒྱལ་ས་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་ཁང་ནང་དུ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས་ཀྱི་ཨེ་ཤ་ཡའི་ཚོགས་འདུ་ཐེངས་བཞི་བར་དྲུང་ཆེ་རྨེའུ་དཀོན་རྒྱམ་ལགས་དང་སློབ་སྤྱི་ངས་པོ་རྒྱལ་མཚན་ལགས་གཉིས་མཉམ་ཞུགས་གནང་བ་མ་ཟད། སྐུ་མགྲོན་གཙོ་བོ་ལྡི་ལི་སྐུ་ཚབ་དོན་གཅོད་བསྟན་པ་ཚེ་རིང་མཆོག་ཕེབས་འདུག་ལ།དམིགས་བསལ་སྐུ་མགྲིན་སྐབས་དྲུག་པའི་ཕྱོགས་བཞུགས་རྒྱུན་ལས་འཇམ་དབྱངས་སྤྱིན་པ་ལགས་ཀྱིས་ཁོང་གི་ཉིས་སྟོན་བརྒྱད་ལོར་ཞི་རྒོལ་གནང་སྟངས་གནས་ཚུལ་ངོ་སྤྲོད་གནང་། དེ་དུས་སྐུ་ཚབ་དོན་གཅོད་མཆོག་ལ་མཇལ་འཕྲད་ཞུས་ཏེ་ཚོགས་པའི་ཚོགས་པའི་གནས་སྟངས་ངོ་སྤྲོད་ཞུས་པ་དང་འབྲེལ་ཚོགས་མི་ཆབ་སྲིད་བཙོན་ཟུར་གྲགས་ཅན་སྟག་སྣ་འཇིགས་མེད་བཟང་པོ་མཆོག་གི་མི་ཚེའི་ལོ་རྒྱུས་སྐོར་གྱི་ཕྱག་དེབ་དེ་ཁོང་ལ་ཕུལ། གཞན་ཡང་ཨ་རི་དང་ཡོ་རུབ། ཨེ་ཤ་ཡ་དང་བལ་ཡུལ། ལ་དྭགས་བཅས་ནས་ཕེབས་པའི་ཚོགས་བཅར་བ་རྣམས་ལ་འབྲེལ་ལམ་བཟུང་། ལྷག་པར་དུ་དྲུང་ཆེ་རྨེའུ་དཀོན་རྒྱམ་ལགས་ཀྱིས་སྐབས་དེའི་ཚོགས་འདུའི་གནས་ཚུལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་དང་དུས་བབ། བང་ཆེན་དང་ཁ་བརྡ་སོགས་ཀྱི་ནང་དུ་མཁོ་སྤྲོད་གནང་།

Copyright © 2017 — GU-CHU-SUM All Rights Reserved