བོད་དོན་ཞུ་གཏུགས་ལས་འགུལ།
          June 8, 2016:37 AM

    བོད་དོན་ཞུ་གཏུགས་ལས་འགུལ། by · April 22, 2014 ཕྱི་ལོ་ ༢༠༡༤ ཟླ་ ༠༣ ཚེས་ ༡༩ དང་ ༢༠ ཉིན་རིང་ལྡི་ལི་གསར་བ་ནས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་ཀྱི་བུད་མེད་ལྷན་ཚོགས་དང་རྒྱ་གར་བོད་རང་དབང་སློབ་ཕྲུག་ཚོགས་པ་ཐུན་མོང་གི་ངོས་ནས་བོད་དོན་ཞུ་གཏུགས་སྤེལ་སྐབས། དྲུང་ཆེ་རྨེའུ་དཀོན་རྒྱམ་ལགས་དང་སློབ་སྤྱི་ངས་པོ་རྒྱལ་མཚན་ལགས་མཉམ་ཞུགས་གནང་སྟེ་རྒྱ་གར་གྲོས་ཚོགས་གོང་འོག་གི་གྲོས་ཚོགས་འཐུས་མི་གསུམ་དང་ཆབ་སྲིད་ཚོགས་པ་ཁག དཔེར་ན་རྒྱ་གར་རྒྱལ་ཡོངས་ཀང་རིི་སི་ཚོགས་པ། ལྡི་ལི་གཞུང་འཛིན་ཚོགས་པ་སོགས་ཀྱི་འཐུས་མི་དྲུག་ལ་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ། ཞུ་གཏུགས་ཀྱི་ལས་འགུལ་གྱི་དགོས་འདུན་ཁག་ནི། རང་ལུས་མེར་སྲེག་གི་ཞི་རྒོལ་རྒྱུ་རྐྱེན་སྐོར། གྲོས་ཚོགས་ནང་བོད་དོན་གླེང་སློང་བྱ་རོགས། གྲོས་ཚོགས་ནང་༸གོང་ས་མཆོག་གདན་འདྲེན་གནང་ཐབས་བཅས་ཀྱི་སྐོར་བཅས་ཡིན་ཞིང་གྲོས་ཚོགས་གོང་འོག་གི་འཐུས་མི་གཉིས་ཀྱིས་༸གོང་ས་མཆོག་གྲོས་ཚོགས་ནང་དུ་གདན་འདྲེན་གནང་ཐབས་ལ་འབད་བརྩོན་གནང་རྒྱུ་ཡིན་པའི་ཞལ་བཞེས་ཐོབ། སྐབས་དེའི་གནས་ཚུལ་རྣམས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་དྲུང་ཆེ་རྨེའུ་དཀོན་རྒྱམ་ལགས་ཀྱིས་འགན་འཁུར་བླངས་ཏེ་མཁོ་སྤྲོད་ཞུས།

Copyright © 2017 — GU-CHU-SUM All Rights Reserved