ཚེ་སྒྲུབ་སྐྱིད་ལགས་བཙོན་གྲོལ་ཐོབ་པ།
          April 29, 2017:51 AM

    མདོ་སྨད་རྔ་པ་ནས་ཡིན་པའི་ཚེ་སྒྲུབ་སྐྱིད་ལགས་འདི་ཟླའི་ཚེས་  ༥  ཉིན་བཙོན་གྲོལ་ཐོབ་ཡོད་པ་དང།   ཕྱིར་ཕ་ཡུལ་དུ་འབྱོར་སྐབས་མི་གྲངས་ ༢༠༠  ལྷག་གིས་ཕེབས་བསུ་ཞུས་འདུག  

    མཆོག་སྤྲིན་རྒྱ་མཚོ་བཙོན་གྲོལ་ཐོབ་པ།
          April 29, 2017:43 AM

    རྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་པར་གཞིགས་ན།   མདོ་སྨད་རྨ་ལྷོ་སོག་རྫོང་ནས་ཡིན་པའི་ཆབ་སྲིད་བཙོན་པ་མཆོག་སྤྲིན་རྒྱ་མཚོ་ལགས་བཙོན་གྲོལ་ཐོབ་ནས་ཕ་ཡུལ་དུ་འབྱོར་བའི་གནས་ཚུལ་ཐོན་འདུག  

    ཨ་མཆོག་ཕུལ་བྱུང་བཙོན་ནས་གློད་བཀྲོལ་བཏང་བ།
          February 3, 2017:32 AM

    བོད་ཀྱི་གཞོན་སྐྱེས་གླུ་པ་ཨ་མཆོག་ཕུལ་བྱུང་ལགས་ཀྱི་བཙོན་འཇུག་དུས་ཡུན་རྫོགས་ཏེ་སྤྱི་ལོ་༢༠༡༧ཟླ་༢ཚེས་༢ཉིན་ཟི་ཁྲོན་མེན་ཡཱ་བཙོན་ཁང་ནས་གློད་བཀྲོལ་བཏང་འདུག

    སྒྲོལ་མ་མཚོ་དང་དཀོན་མཆོག་བློ་གྲོས་གློད་བཀྲོལ་བཏང་འདུག
          December 5, 2016:15 AM

    སྤྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༣ ཉིན་རྔ་པ་རྫོང་མི་མང་ཁྲིམས་ཁང་ཟེར་བས་ཁྲིམས་རྭ་འཚོགས་ནས་སྒྲོལ་མ་མཚོ་དང། དཀོན་མཆོག་བློ་གྲོས།

    བླ་བྲང་འཇིགས་མེད་རྒྱ་མཚོ་བཙོན་གྲོལ་ཐོབ་པ།
          October 27, 2016:46 AM

    སྤྱི་ལོ་  ༢༠༡༦ ཟླ་ ༡༠ ཚེས་  ༢༦  ཉིན་བོད་ནང་གི་ཕྱི་དྲོའི་ཕྱག་ཚོད་བརྒྱད་དང་ཕྱེད་ཀའི་ཐོག་བོད་ཀྱི་ཆབ་སྲིད་བཙོན་པ་བླ་བྲང་འཇིགས་མེད་

    ཨ་ཁུ་འཇངས་ཁོ་ལགས་བཙོན་གྲོལ།
          September 26, 2016:20 AM

    ༄༅།། ཕྱི་ཟླ་ ༩ ཚེས་ ༢ ཉིན་བོད་མདོ་སྨད་རྔ་བ་རྫོང་རྔ་བ་བར་མ་ནས་ཡིན་པའི་དགེ་འདུན་པ་འཇམ་དབྱངས་ཕུན་ཚོགས་སམ་ཨ་ཁུ་འཇངས་ཁོ་ཞུ་བ་ལགས་ཉེ་ཆར་མེན་ཡང་བཙོན་ཁང་ནས་བཙོན་གྲོལ་ཐོབ་སྟེ་ཕྱིར་རང་ཡུལ་དུ་འབྱོར་ཡོད་འདུག    དགེ་འདུན་པ་འཇངས་ཁོ་ལགས་ནི་ད་ལྟའི་རྒྱ་གཞུང་གིས་བོད་ས་བགོས་བཟུང་ལྟར་ན་རྔ་བ་ཁུལ་རྔ་བ་རྫོང་ཁོངས་རྔ་བ་ཀིརྟི་དགོན་པའི་གྲྭ་བ་ཡིན་ཞིང་། ཕྱི་ལོ་ ༢༠༠༩  ཟླ་ ༢ ཚེས་ ༢༧ ཉིན་བཀྲ་བྷེ་ཡིས་རང་ལུས་མེར་སྲེག་གནང་རྗེས། ཕྱི་ཟླ་ ༣ ཚེས་ ༣ ཉིན་ནས་ཁོང་ག་སོང་ཆ་མེད་དུ་གྱུར་ཅིང་རྗེས་སུ་ག་ལེར་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་ཤེས་རྟོགས་བྱུང་། ཁོང་ལྐོག་འཛིན་བྱས་པའི་དགེ་འདུན་པ་འཇངས་ཁོ་ལགས་ཀྱིས་དགེ་འདུན་པ་བཀྲ་བྷེས་རང་ལུས་མེར་སྲེག་གནང་པའི་གནས་ཚུལ་ཁྲིམས་འགལ་གྱི་སྒོ་ནས་ཕྱིར་བསྒྲགས་བྱས་པ་དང་། མེ་འབར་བཞིན་པའི་བཀྲ་བྷེ་ལ་རྒྱ་གཞུང་གི་ཉེན་རྟོག་པས་མེ་མདའ་བརྒྱབ་པ་དེའང་འཇངས་ཁོས་རྫུན་བཟོ་བྱས་ཚུལ་སོགས་ཉེས་མེད་ཉེས་འགེལ་བྱས་ནས་གང་བྱུང་བཙན་ཁྲིད་བྱས་ཏེ་བཙོན་འཇུག་སྒོས་ལོ་མང་བོའི་ཁྲིམས་ཐག་བཅད།  འདི་གར་དགེ་འདུན་པ་འཇངས་ཁོ་ལགས་བཙོན་གྲོལ་ཐོབ་པའི་ཡིག་ཆ་ལག་སོན་བྱུང་བར་བཀོད་དོན་ལྟར་ན། རྒྱ་གཞུང་གིས་ཁོང་ལྐོག་འཛིན་བྱས་ནས་ལོ་ ༡ […]

    བོད་མི་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་བཙོན་གྲོལ།
          September 17, 2016:58 AM

    ༄༅།། ཕྱི་ཟླ་ ༩ ཚེས་ ༡༦ ཉིན་གྱི་སྔ་དྲོར་ཕ་ཡུལ་གསེར་རྟ་རྫོང་ནས་ཡིན་པའི་བོད་མི་རྩོམ་པ་པོ་དང་དགེ་རྒན་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་མི་ཉག་ར་རྔ་ཁ་བཙོན་ཁང་ནས་བཅོན་གྲོལ་བཏང་འདུག་པ་དང་། ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༥།༠༠ པ་ཙམ་ལ་གསེར་རྟ་རྫོང་ཐོག་ལ་འབྱོར་ཡོད་པ་དང་། ཁོང་གི་ཁྱིམ་མི་གཉེན་ཉེ་དང་ཡུལ་མི་མང་པོ་འདུ་འཛོམས་ཀྱིས་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་གཟི་བརྗིད་ངང་ཕྱིར་ཕེབས་པར་དགའ་བསུ་ཞུ་ཞེས་བཀོད་པའི་འཕྲེད་དར་ཕྱར་ཏེ་བོད་ཟས་ཐུད་དང་ཞོ། གོ་རེ་སོགས་ཀྱི་སྡེར་ཁ་བསྒྲིགས་ནས་ཕེབས་བསུའི་དགའ་སྟོན་ཟབ་རྒྱས་བྱས་ཡོད་འདུག རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་སམ་སྙུག་མིང་ལ་གངས་མེ་སྟག་ཞུ་བ་ཁོང་ནི་ཆུང་དུས་ས་གནས་སློབ་ཆུང་ནས་རིམ་པར་སློབ་གྲྭར་འགྲིམས་ཏེ་དཀར་མཛེས་དགེ་འོས་སློབ་ཆེན་ནས་མཐར་ཕྱིན་རྗེས་དཀར་མཛེས་རྫོང་སོགས་སུ་མི་ལོ་ ༡༠ རིང་དགེ་རྒན་གྱི་ཕྱག་ལས་གནང་མྱོང་བ་དང་། ཁོང་ལ་བརྩམས་ཆོས་ <<ལས་དབང་གི་འབོད་པ་>> དང་ <<དུས་རབས་ཀྱི་རྨ་ཁ། >> <<ལོ་ཟླའི་ཁ་དོག་འགྱུར།>> << ས་བྱི་ཁྲག་བྲིས་དམར་པོ། >> <དེ་རིང་མིག་ཆུ་བཞུར་> ཞེས་པ་སོགས་ཀྱིས་མཚོན་པའི་སྒྲུང་རྩོམ་དང་སྙན་ངག […]

    བསམ་འགྲུབ་ལགས་བཙོན་གྲོལ།
          September 1, 2016:57 AM

    ༄༅། །ཉེ་ཆར་ཕྱི་ཟླ་ ༨ ཚེས་ ༢༠ ཡས་མས་སུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་ཁོངས་ནས་ཡིན་པ་བོད་མི་བསམ་འགྲུབ་ཞུ་བ་བཙོན་གྲོལ་ཐོབ་ཡོད་འདུག བསམ་གྲུབ་ལགས་ནི་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༣ ཉིན་རྒྱ་གཞུང་གིས་གློ་བུར་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བའི་དོགས་གཞིའི་འོག་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག ཁོང་འཛིན་བཟུང་རྗེས་ས་གནས་གང་དུ་བཀག་ཉར་བྱས་ཡོད་མིན་དང་། ཉེ་ཆར་བཙོན་གྲོལ་གང་ནས་བཏང་མིན་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མེད། ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་སྔ་རྗེས་སུ་བོད་མི་ཚོས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་བསྟུན་མར་སྤེལ་བའི་གནས་ཚུལ་ཐོན་ཡོད་པ་མ་ཟད། ལྷག་པར་ཕྱི་ལོ་ ༢༠༡༡ དང་ ༢༠༡༢ ལོར་མུ་མཐུད་ཞི་བའི་ངོ་རྒོལ་གྱི་ལས་འགུལ་བའི་སྐབས་བོད་མི་ཞི་རྒོལ་བར་རྒྱ་ནག་གཞུང་གི་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་བོད་མི་ཞི་རྒོལ་བ་དམར་བསད་བཏང་བའི་གནས་ཚུལ་ཡང་བྱུང་ཡོད། བསམ་འགྲུབ་ལགས་ནི་ད་ལྟའི་རྒྱ་ནག་གཞུང་གིས་བོད་ས་བགོས་བཅད་ལྟར་ན། ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་མགོན་མཆོག་སྡེ་བ་ནས་ཡིན་པ་དང་། […]

Copyright © 2017 — GU-CHU-SUM All Rights Reserved