ཀུན་མཁྱེན་ལགས་བཙོན་གྲོལ།
          August 24, 2016:26 AM

    ༄༅། །བོད་མི་ཆབ་སྲིད་བཙོན་པ་ཀུན་མཁྱེན་ལགས་ཀྱི་ལོ་དགུའི་ཁྲིམས་ཆད་ཚང་སྟེ་བཙོན་གྲོལ་བཏང་ཡོད་འདུག ཕྱི་ལོ་ ༢༠༠༧  ཕྱི་ཟླ་ ༨ ཚེས་ ༡ ཉིན་བོད་ཀྱི་ཆབ་སྲིད་བཙོན་པ་གྲགས་ཅན་རོང་རྒྱས་ཨ་གྲགས་ལགས་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་རྗེས། ཀུན་མཁྱེན་ལགས་དང་ཨ་ཀྲུག་བློ་བ་ཞུ་བ་གཉིས་ཀྱིས་སྦྱར་ཡིག་བཀྲམས་ཤིང་། གནས་ཚུལ་ཕྱིར་བསྒྲགས་བྱས་པ་སོགས་ཀྱི་ནག་ཉེས་འོག་འཛིན་བཟུང་བྱས་ཏེ་གསང་བའི་ཐོག་ལོ་ ༩ ཡི་ཁྲིམས་ཐག་བཅད་ཡོད་པ་དང་། ཉེ་ཆར་ཕྱི་ཟླ་ ༨ ཚེས་ ༢༡ ཉིན་ཁྲིམས་ཆད་དུས་ཡུན་རྫོགས་ནས་བཙོན་གྲོལ་ཐོབ་ཡོད་པར་གཞིགས་ན། ཀུན་མཁྱེན་ཁོང་སྔར་ཕྱི་ལོ་ ༢༠༠༨ ཟླ་ ༨ ཚེས་ ༢༠ ཡས་མས་སུ་འཛིན་བཟུང་བྱས་པའི་ཚོད་དཔག་བྱེད་ཀྱི་ཡོད། […]

    དགེ་འདུན་པ་སངྒྷ་ལགས་བཙོན་གྲོལ།  
          August 16, 2016:53 AM

    ༄༅། །ཉེ་ཆར་ཕྱི་ཟླ་ ༨ ཚེས་ ༡༢ ཉིན་བོད་མདོ་སྨད་རྔ་བ་རྫོང་རྟོགས་ལྡན་དགོན་པའི་དགེ་འདུན་པ། ཕ་ཡུལ་རྔ་བ་རྫོང་བར་མ་ཡུལ་ཚོ་(ཤང་) ཐེའུ་ཆུང་སྡེ་བའི་ནས་ཡིན་པའི་ཆབ་སྲིད་བཙོན་པ་སངས་དགའ་ལགས་ཀྱི་ཁྲིམས་ཆད་དུས་ཡུན་རྫོགས་ནས་བཙོན་གྲོལ་ཐོབ་སྟེ། ཕྱི་ཚེས་ ༡༣ ཉིན་ཕྱིར་རང་ཡུལ་དུ་འབྱོར་སྐབས་སྡེ་མི་གཙོས་སེར་སྐྱ་མང་ཚོགས་མང་པོས་གོས་ཆེན་དང་ཁ་དར་སོགས་སྒྲོན་པ་དང་། བསང་གསོལ་བཏང་ཞིང་རླུང་རྟ་སྤུར་ཏེ་མཉམ་དུ་འདྲ་པར་རྒྱག་པ་སོགས་ཧ་ཅང་དགའ་བའི་རྣམ་འགྱུར་གྱིས་ཕེབས་བསུ་རྒྱ་ཆེན་བྱས་ཡོད་འདུག འདི་གར་འབྲེལ་ཡོད་མི་སྣས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན། དགེ་འདུན་པ་སངྒྷ་ལགས་ནི་ད་ལྟ་རང་ལོ་ ༤༠ ཙམ་ཡིན་པ་དང་། རྔ་བ་རྫོང་རྟོགས་ལྡན་དགོན་གྱི་གྲྭ་བ་ཡིན་འདུག ཁོང་གི་ཁྱིམ་རྒྱུད་ཀྱི་མིང་ལ་ཧོར་ཚང་ཟེར་བའི་ཕ་ཀུན་ཁོ་དང་མ་ཕུན་ཚོགས་སྐྱིད་གཉིས་ལ་བུ་ཕྲུག་བཞི་ཡོད་པའི་གསུམ་པ་དེ་ཡིན་ཞིང་། ཆུང་དུས་ནས་རྔ་བ་རྟོགས་ལྡན་དགོན་གྱི་ཆོས་སྒོར་ཞུགས་ཏེ་བསླབ་པ་སློབ་གཉེར་སོགས་དགོན་སྡེ་དེའི་བྱེད་སྒོ་གང་ཡིན་ལ་བྱང་ཆུབ་མཁན་ཞིག་ཡིན་པ་མ་ཟད་ཤེས་ཡོན་དང་། ཀུན་སྤྱོད་སོགས་ཀྱང་དགོན་པ་དེའི་ཚད་འཛིན་བྱེད་སའི་དགེ་འདུན་པ་ཞིག་ཡིན་འདུག ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་ནས་རྒྱ་གཞུང་ལ་ཞི་རྒོལ་བྱེད་སྐབས་ རྒྱ་གཞུང་གིས་ཁོང་ལ་རྒྱལ་ཁབ་གྱི་གསང་བ་ཕྱི་བསྒྲགས་བྱས་པའི་ཉེས་མིང་གཡོགས་ཏེ། ལོ་དེའི་ཟླ་ […]

    ཆབ་སྲིད་བཙོན་པ་སོག་མཁར་བློ་གྲོས་ལགས་བཙོན་གྲོལ།
          July 27, 2016:18 AM

    ༄༅། །ཟླ་འདིའི་ཚེས་ ༡༩ ཉིན་བོད་ཀྱི་ཆབ་སྲིད་བཙོན་པ་སོག་མཁར་བློ་གྲོས་རྒྱ་མཚོ་ལགས་འབྲི་རུ་རྫོང་རྩ་མདའ་བཙོན་ཁང་ནས་བཙོན་གྲོལ་ཐོབ་ཡོད་ནའང་། ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པའི་གནས་ཚུལ་ཐོན་འདུག ཁམས་སོག་རྫོང་གི་ཆབ་སྲིད་བཙོན་པ་བློ་གྲོས་རྒྱ་མཚོ་རྒྱ་གཞུང་གིས་བཙོན་ཁང་ནང་མི་ལོ་ ༢༡ རིང་བཙོན་འཇུག་བྱས་རྗེས། ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢ ཉིན་གློད་གྲོལ་ཐོབ་པ་ཞིག་ཡིན་ལ་ད་ལྟ་ཁོང་ལོ་ ༥༥ རེད་འདུག ད་ལོའི་ཕྱི་ཟླ་ ༥ ཚེས་ ༡༤ བོད་ནང་གི་མཚན་མོ་ཆུ་ཚོད་ ༡༢།༠༠ ཐོག་ཁམས་སོག་རྫོང་གི་ཆབ་སྲིད་བཙོན་ཟུར་བློ་གྲོས་རྒྱ་མཚོའམ། སོག་མཁར་བློ་གྲོས་བསྐྱར་དུ་ལྷ་ས་ནས་འཛིན་བཟུང་བཀག་ཉར་བྱས་འདུག […]

    གུར་མགོན་ལགས་བཙོན་གྲོལ།
          July 25, 2016:23 AM

    ༄༅། །ཕྱི་ཟླ་ ༧ ཚེས་ ༢༡ ཉིན་རྒྱ་གཞུང་གིས་རང་ལུས་མེར་སྲེག་གནང་མཁན་བསད་པའི་ཉེས་མིང་འོག་ལོ་ ༤ ཡིན་བཙོན་འཇུག་ཁྲིམས་ཆད་བཅད་པའི་གུར་མགོན་ལགས། སི་ཁྲོན་མེན་ཡཱང་བཙོན་ཁང་ནས་བཙོན་གྲོལ་བཏང་ཡོད་པ་དང་། ཁོང་ཕ་ཡུལ་དུ་འབྱོར་དུས་ནང་མི་གཉེན་འབྲེལ་དང་ཡུལ་མི་ཚོས་ཕེབས་བསུ་གཟབ་རྒྱས་བྱས་ཡོད་འདུག བོད་ཀྱི་དུས་བབ་གསར་ཁང་ལ་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན།  ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༨ ཉིན་རྔ་བ་ཁུལ་ཁྱུང་མཆུ་རྫོང་སྦྲ་ཆེན་ཡུལ་ཚོའི་ཉེན་རྟོག་ཁང་གི་སྒོ་འགྲམ་དུ། བོད་མི་གྲུབ་མཆོག་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་མ་ཐག་ས་གནས་ཉེན་རྟོག་པ་དང་། ལས་བྱེད་མི་སྣ་འབྱོར་ཏེ་མེ་གསོད་རྩིས་བྱེད་སྐབས། བོད་མི་གུར་མགོན་ལགས་དང་ནོར་བུ་རྡོ་རྗེ་ལགས། བསོད་ནམས་ཡར་འཕེལ་ལགས་བཅས་ཀྱིས་ཉེན་རྟོག་པའི་ལག་གི་མེ་གསོད་ཡོ་ཆས་ནས་འཇུས་ཏེ་བཀག་འགོག་བྱས་ཡོད་པ་དང་། ཉེ་འཁོར་གྱི་བོད་མི་མང་པོ་ཞིག་གིས་མཉམ་རུབ་ཀྱིས་འགོག་ཐབས་བྱས་ཡོད་པར་བརྟེན། ཟླ་དེའི་ཕྱི་ཚེས་ ༢༢ […]

    དགེ་འདུན་པ་བློ་བཟང་ཏིང་འཛིན་བཙོན་གྲོལ།
          July 25, 2016:20 AM

    ༄༅། །ཕྱི་ཟླ་ ༧  ཚེས་ ༢༠ ཉིན་གྱི་སྔ་དྲོར་བོད་མདོ་སྨད་མཛོད་དགེ་སོག་ཚང་དགོན་པའི་དགེ་འདུན་པ་བློ་བཟང་ཏིང་འཛིན་ལགས་རྒྱ་གཞུང་གིས་བཙོན་གྲོལ་བཏང་ཡོད་པ་དང་། ཕྱི་ཚེས་ ༢༣ ཉིན་ཕ་ཡུལ་གྱི་རང་ཁྱིམ་དུ་འབྱོར་ཏེ་ཁྱིམ་མི་ཉེ་འབྲེལ་དང་སྡེ་མི་མང་པོས་ཁོང་ལ་མཇལ་དར་བསྒྲོན་ཏེ་ཕེབས་བསུ་བྱས་ཡོད་འདུག ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༧ ཚེས་ ༢༠ཉིན་གྱི་སྔ་དྲོར་མཛོད་དགེ་སོག་ཚང་དགོན་དུ་དགེ་འདུན་པ་དགོན་མཆོག་བསོད་ནམས་ཞུ་བས། བོད་ཀྱི་བདེན་མཐའ་སེལ་ཆེད་རང་ལུས་མེར་སྲེག་གནང་སྟེ་སྐུ་གྲོངས་ཡོད་པ་དང་། ཕྱིས་སུ་སོག་ཚང་དགོན་པའི་དགེ་འདུན་པ་སངས་རྒྱས་དཔལ་ལྡན་ལགས་དང་། བློ་བཟང་ཡོན་ཏན་ལགས། དགེ་འདུན་པ་བློ་བཟང་ཏིང་འཛིན་ལགས་བཅས་ལ་རྒྱ་གཞུང་གིས་རང་ལུས་མེར་སྲེག་དང་འབྲེལ་བ་ཡོད་པའི་ཉེས་མིང་གཡོགས་ཏེ་ཁོང་གསུམ་འཛིན་བཟུང་བྱས་ཏེ་མཛོད་དགེ་རྫོང་ཐོག་ཏུ་ཡུན་རིང་འདྲི་གཅོད་བཀག་ཉར་བྱས། རྗེས་སུ་མཛོད་དགེ་རྫོང་མི་མང་ཁྲིམས་ཁང་ནས་སངས་རྒྱས་དཔལ་ལྡན་ལགས་ལ་ལོ་ ༥ དང་། བློ་བཟང་ཡོན་ཏན་ནམ་ཡོན་ཏན་བྱི་ཕྲུག་ལགས་ལ་ལོ་ ༣  བློ་བཟང་ཏིང་འཛིན་ལགས་ལ་ལོ་ […]

    མཁན་པོ་ཀརྨ་ཚེ་དབང་ལགས་རྒྱ་གཞུང་གིས་བཙོན་གྲོལ།
          July 20, 2016:06 AM

    ༄༅། །ཉེ་ཆར་དྲ་རྒྱའི་བརྒྱུད་ལམ་ཁག་རུ་གནས་ཚུལ་འབྱོར་གསལ་ལྟར་ན། བོད་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་གི་བཀའ་རྒྱུད་དཀར་ཡག་དགོན་པའི་མཁན་པོ་ཀརྨ་ཚེ་དབང་ལགས་རྒྱ་གཞུང་གིས་བཙོན་གྲོལ་བཏང་ཡོད་པ་དང་། མཁན་པོ་ཁོང་གིས་ “ང་སླར་ཡང་མི་ཡུལ་དུ་ཐོན་ཡོད་”ཅེས་པའི་འཕྲིན་ཐུང་ཞིག་ཕྱི་ལ་འབྱོར་ཡོད་པའི་ནང་བཀོད་དོན། “སྙིང་ཉེ་བའི་ཁྱེད་ཅག་གི་ཐུགས་ཁུར་དང་གདུང་སེམས། རྒྱབ་སྐྱོར་དང་སྨོན་འདུན་གྲངས་མེད་ཀྱིས་ང་སླར་ཡང་མི་ཡུལ་དུ་སླེབས་ཡོད། ཞེན་དྲག་པའི་འགན་འཁྲི་དེ་དག་གི་ཆེད་དུ། བགྲོད་མ་ཚར་བའི་ལམ་བུ་དེ་དག་གི་ཆེད་དུ། མི་ཡུལ་གྱི་སྤྱི་ཆུས་དང་ལྷ་ཡུལ་གྱི་སྒེར་ཆུས་དེ་དག་གི་ཆེད་དུ། ལུས་ཕུང་བདེ་ཐང་དང་སེམས་ཁམས་དྭངས་གསལ་ངང་ང་སླར་ཡང་མི་ཡུལ་དུ་ཐོན་ཡོད། དཀོན་མཆོག་མཁྱེན། ང་ཚོའི་འཇིགས་རྟེན་ལ་རང་དབང་གི་འོད་སྣང་འཕྲོ་བར་ཤོག” ཅེས་བཀོད་འདུག མཁན་པོ་ཀར་ཚེ་ལགས་ནི་བོད་མདོ་ཁམས་ནང་ཆེན་ཕྱོགས་ཀྱི་མཁན་པོ་མིང་གྲགས་ཆེ་ཤོས་གྲས་ཀྱི་གཅིག་ཡིན་པ་མ་ཟད། ཁོང་སྔར་ནས་རྒྱ་གཞུང་གིས་ཐེངས་མང་འཛིན་བཟུང་བྱེད་རྩིས་བྱས་ཡོད་པ་དང་། གལ་སྲིད་ཁོང་ནང་ཆེན་ནས་ས་མཚམས་བརྒལ་ནས་འགྲོ་དགོས་ཚེ་ནང་ཆེན་རྫོང་སྲིད་གཞུང་ལ་ཐོ་འགོད་བྱེད་དགོས་ཀྱི་ཡོད་འདུག ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༡༢ ཚེས་ ༦ ཉིན་དགོན་པར་སྐུ་འདྲ་ཞིག་བླུ་བར་ཁྲིན་ཏུའུ་ལ་ཕྱིན་སྐབས།  དེའི་མཚན་མོའི་ཆུ་ཚོད་ […]

    དགེ་འདུན་པ་ཚེ་རིང་བཙོན་གྲོལ་བཏང་འདུག
          June 30, 2016:47 AM

    ༄༅། །ཕྱི་ཟླ་ ༦ ཚེས་ ༢༤ ཉིན་ཕྱི་ལོ་༢༠༠༨ ལོར་བོད་ཀྱི་ས་བྱིའི་ཞི་རྒོལ་ཆེན་མོའི་ནང་མཉམ་ཞུགས་བྱེད་མཁན་བོད་མི་དགེ་འདུན་པ་ཚེ་རིང་ཞུ་བ་རྒྱ་གཞུང་གིས་བཙོན་གྲོལ་བཏང་ཡོད་འདུག བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༢༤ ཉིན་བོད་ཀྱི་ཆབ་སྲིད་བཙོན་པ་དགེ་འདུན་པ་ཚེ་རིང་ལ་བཙོན་འཇུག་གི་དུས་ཡུན་ལོ་ ༥ ཚང་ནས་བཙོན་གྲོལ་ཐོབ་ཡོད་པ་དང་། རྒྱ་གཞུང་གིས་ཁོང་བཙོན་གྲོལ་སྐབས་ཁོང་གི་ཕ་མ་སྤུན་མཆེད་ལ་ལན་མ་སྤྲད་པར་ཕ་ཡུལ་རྔ་བ་རུ་བསྐྱལ་ཡོད་འདུག རྗེས་སུ་ཁོང་རང་ཁྱིམ་དུ་བཞུགས་སྐབས་གཉེན་ཉེ་ངོ་ཤེས་དང་། བོད་མི་མང་པོ་ཞིག་ཁོང་ལ་འཚམས་འདྲིར་བཅར་འདུག དགེ་འདུན་པ་ཚེ་རིང་ནི་ཕྱི་ལོ་༢༠༠༨ ལོར་བོད་མིའི་རྒྱ་ནག་གཞུང་ལ་ངོ་རྒོལ་སྐབས་རྔ་བ་རྫོང་གི་ལས་ཁུང་མདུན་གྱི་ལས་ འགུལ་ནང་མཉམ་ཞུགས་བྱས་རྗེས། ཁོང་བྲོས་བྱོལ་ལ་སོང་ཡོད་འདུག  རྒྱ་ནག་གཞུང་གིས་ཁོང་ཡུན་རིང་རྩད་གཅོད་བྱས་ཏེ་ཕྱི་ལོ་༢༠༡༡ ལོའི་ཟླ་ ༦ ཚེས་ ༢༠ ཉིན་འཇུ་བཟུང་བྱས་ནས། […]

    བཙོན་གྲོལ།
          June 8, 2016:08 AM

    3 Jun, 2015 འཕཊ་མ་དང་འཇིཊ་མེད་གཉིས་བཙོན་གྲོལ། ཕྱི་ཟླ་༥ཚེས་༢༩ཉིན་ད་ལྟའི་རྔ་བ་རྫོང་ལོ་རྟ་ཡུལ་ཚོ་ཤོ་དགུ་སྡེ་བའི་བུ་མོ་འཕགས་མ་དང་། ཁོ་མོའི་ཚ་བོ་འཇིགས་མེད་གཉིས་ལྷ་སའི་ཆུ་ཤུལ་བཙོན་ཁང་ནས་ཁྲིམས་ཆད་དུས་ཡུན་རྫོགས་ཏེ་བཙོན་གྲོལ་བཏང་ཡོད་འདུག

Copyright © 2017 — GU-CHU-SUM All Rights Reserved