ཇེ་འབར་དུ་འགྲོ་བཞིན་པའི་བོད།
          June 8, 2016:21 AM

    ཇེ་འབར་དུ་འགྲོ་བཞིན་པའི་བོད། by · April 20, 2014 ༢༠༡༣ ལོར་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ཞི་རྒོལ་གནང་མཁན་རྣམ་པའི་གནས་ཚུལ་བསྡུས་པ། ࿄ ཕྱོགས་བསྒྲིགས་པ། རྨེའུ་དཀོན་རྒྱམ། སྒྲོལ་མ། ཕྱི་ལོ་༢༠༡༤ཟླ་༣ཚེས་༢༩ཉིན་བོད་ནང་གི་ཆུ་ཚོད་༣ཙམ་ལ་འབའ་ཐང་དུ་བཙུན་མ་སྒྲོལ་ མ་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རང་ལུས་མེར་སྲེག་བཏང་འདུག དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོར་འབའ་ཐང་རྫོང་འབའ་ཆོས་སྡེ་དགོན་པའི་ཉེ་འགྲམ་ དུ་འབའ་ཐང་སྤྱི་སྲུང་ཤོག་དགུའི་ཁོངས་ནས་ཡིན་པའི་བཙུན་མ་སྒྲོལ་མ་ལགས་ཀྱིས། རང་ལུས་མེར་སྲེག་གིས་རྒྱ་གཞུང་གི་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་ བྱུས་ལ་ཞི་རྒོལ་གནང་ཡོད་པ་དང་། དེ་མ་ཐག་དགོན་པར་སྐོར་བ་རྒྱག་མཁན་གྱི་བོད་མི་ཚོས་མཐོང་ནས་ཁོ་མོའི་ལུས་སྟེང་ གི་མེ་བསད་པ་དང་། འབའ་ཐང་རྫོང་མི་དམངས་སྨན་ཁང་དུ་འཁྱེར་ཏེ་མྱུར་སྐྱོབ་བྱེད་ཐབས་གནང་འདུག སྐབས་དེར་ལམ་སེང་ས་གནས་ཀྱི་དྲ་རྒྱ་བཀག་སྡོམ་བྱས་ཡོད་པ་དང་ཁ་པར་སོགས་ཀྱི་ བརྒྱུད་ལམ་ལ་སྟངས་འཛིན་ནན་མོ་བྱེད་ཀྱི་ཡོད་པར་ཞིབ་ཕྲའི་གནས་ཚུལ་དམ་བསྒྲགས་ དབང་གིས་ཤེས་དཀའ་བའི་གནས་སུ་གྱུར་ཡོད་འདུག བཙུན་མ་སྒྲོལ་མ་ལགས་ནི། […]

    ༢༠༡༣ ལོར་བོད་མིར་ཁྲིམས་ཆད།
          June 8, 2016:18 AM

    ༢༠༡༣ ལོར་བོད་མིར་ཁྲིམས་ཆད། by guchusum2014 · May 21, 2015 ༢༠༡༣ ལོར་རྒྱ་གཞུང་གིས་བོད་མི་རྣམས་ལ་ཁྲིམས་ཐག་བཅད་པའི་གནས་ཚུལ། ࿄ བསྡུ་སྒྲིག་པ། ངས་པོ་རྒྱལ་མཚན། ༄༅། །ཕྱི་ལོ་༢༠༡༣ཟླ་༡ནང་རྒྱལ་རོང་ཚོ་བདུན་ཞང་ད་ཐོག་སྡེ་བའི་གཞིམ་གོན་ཚང་གི་ཚོ་བདུན་ཀིརྟི་དགོན་གྱི་གྲྭ་བློ་བཟང་སེང་གེ་ལགས་སུ་རྔ་བ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་ལོ་༢དང་། རྒྱལ་རོང་ཚོ་བདུན་ཞང་ད་ཐོག་སྡེ་བའི་སྤོད་ས་ཁེར་ཚང་གི་ཚོ་བདུན་ཀིརྟི་དགོན་གྱི་གྲྭ་ཨ་སྲུང་ལ་ལོ་༢དང་ཟླ་༦རྒྱལ་རོང་ཚོ་བདུན་ཞང་གཙུག་ཚེ་སྡེ་བའི་མོས་སྐོས་གྱོ་ཚང་གི་ཚོ་བདུན་ཀིརྟི་དགོན་པའི་གྲྭ་ཡར་འཕེལ་ལགས་སུ་ལོ་༦རྒྱལ་རོང་ཚོ་བདུན་ཞང་མཁར་དགུ་སྡེ་བ་ཡིན་པའི་ཚོ་བདུན་ཀིརྟི་དགོན་གྱི་གྲྭ་རྣམ་སྲས་ལགས་སུ་ལོ་༡༠བཅས་གྲྭ་པ་བཞི་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག jail-groupཕྱི་ལོ་༢༠༡༣ཟླ་༢ཚེས་༡ཉིན་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་འབྲིང་རིམ་དམངས་ཁྲིམས་ཁང་གིས་རྔ་བའི་བློ་བཟང་དཀོན་མཆོག་དང་བློ་བཟང་ཚེ་རིང་གཉིས་ལ་མི་བསད་པའི་ཉེས་འཛུགས་འོག བློ་བཟང་དཀོན་མཆོག་ལ་སྲོག་ཁྲིམས་བཅད་དེ་ལོ་གཉིས་ཀྱི་རྗེས་སུ་ལག་བསྟར་བྱ་རྒྱུ་དང་། ཆབ་སྲིད་ཁེ་དབང་ཚེ་གང་བོར་འཕྲོག་རྒྱུ། བློ་བཟང་ཚེ་རིང་ལ་ལོ་༡༠ཡི་དུས་བཀག་བཙོན་འཇུག་དང་ལོ་གསུམ་གྱི་ཆབ་སྲིད་ཁེ་དབང་འཕྲོག་རྒྱུ་བཅས་ཀྱི་ཁྲིམས་ཐག་བཅད་འདུག ཕྱི་ལོ་༢༠༡༣ཟླ་༢ཚེས་༨ཉིན་རྨ་ལྷོ་བོད་རིཊ་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྒྱ་སྟག་ལཊ་སུ་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱས་པའི་ཉེས་མིང་འོག་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག ཕྱི་ལོ་༢༠༡༣ཟླ་༢ཚེས་༣༡ཉིན་བོད་མདོ་སྨད་བླ་བྲང་བསང་ཆུ་རྫོང་གི་རྒྱ་གཞུང་མི་དམངས་ཁྲིམས་ཁང་གིས། པདྨ་དོན་འགྲུབ་ལགས་སུ་ལོ་༡༢དང་། སྐལ་བཟང་རྒྱ་མཚོ་ལགས་ལ་ལོ་༡༡པདྨ་འཚོ་ལགས་སུ་ལོ་༨ལྷ་མོ་དོན་གྲུབ་ལགས་སུ་ལོ་༧བཅས་མི་༤ལ་བསམ་བཞིན་མི་བསད་པའི་ཉེས་འོག་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། གདུགས་དཀར་རྒྱལ་ལགས་སུ་ལོ་༤ […]

    ༢༠༡༣ ལོར་བོད་མི་འཇུ་བཟུང།
          June 8, 2016:14 AM

    ༢༠༡༣ ལོར་བོད་མི་འཇུ་བཟུང་། ༢༠༡༣ ལོར་རྒྱ་གཞུང་གིས་བོད་མི་འཛིན་བཟུང་བྱས་པའི་མིང་གཞུང་། ࿄ བསྡུ་སྒྲིག་པ། ངས་པོ་རྒྱལ་མཚན། ཕྱི་ལོ་༢༠༡༣ཟླ་༢ཚེས་༢ཉིན་སྔ་དྲོ་རྒྱ་ནག་གཞུང་གིས་བོད་མདོ་སྨད་རྨ་ལྷོ་རེབ་གོང་གཡེར་གཤོང་དགོན་པའི་རང་ལོ་༤༢ཡིན་པའི་གྲྭ་ཡར་འཕེལ་ལགས་ས་གནས་མངགས་གཏོང་ཁང་དུ་འབོད་འགུག་གིས་འདྲི་གཅོད་བྱས་ཡོད་པ་མ་ཟད། ནག་ཉེས་ལ་གཞིགས་ཏེ་ཁྲིམས་ཐག་གཅོད་རྒྱུ་ཡིན་ཚུལ་བཤད་དེ། ད་ཆར་རེབ་གོང་གྲོག་དམར་ཁ་འོག་ཏུ་ཡོད་པའི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས།

Copyright © 2017 — GU-CHU-SUM All Rights Reserved