ཞི་ཅིང་ཕིང་དང་གོ་མིན་ཏང་གི་འགོ་ཁྲིད་སླར་ཡང་ཐུག་འཕྲད་བྱས་པ།
          November 2, 2016:49 AM

    སྤྱི་ལོ་  ༢༠༡༦ ལོར་ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་ལྕམ་ཚའེ་ཡོན་ཝན་ཐེ་ཝན་སྲིད་འཛིན་དུ་བདམས་ཐོན་བྱུང་བ་དང།

    རྒྱ་ནག་གི་གསང་རྒྱ་ཆེ་བའི་ཚོགས་འདུ།
          October 25, 2016:54 AM

    རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དེ་སྤྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་༢༤ ནས་ཚེས་ ༢༧ བར་པེ་ཅིང་དུ་སྐོང་འཚོགས་བྱ་བཞིན་ཡོད་ཅིང།

    སྤྱི་ལོ་༡༩༥༩ལོ་ནས་ཐེངས་དང་པོར་གནས་སྒོ་ཕྱེ་བ།
          October 15, 2016:34 AM

    ལྷ་ས་འབྲས་སྤུངས་དགོན་པའི་དཀྱིལ་འཁོར་ལྷ་ཁང་དེ་བཞིན་སྤྱི་ལོ་  ༡༩༥༩ ལོ་ནས་ད་བར་ཕྱི་ནང་དད་ལྡན་པར་གནས་སྒོ་ཕྱེ་མྱོང་མེད་ཀྱང་།  

    གསང་བདག་སྐྱབས་ལགས་འཇུ་བཟུང་བྱས་པ།
          October 12, 2016:37 AM

    བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་པར་གཞིགས་ན། སྤྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༩ ཉིན། རྒྱ་གཞུང་ཉེན་རྟོགས་པས་གསང་བདག་སྐྱབས་ལགས་གློ་བུར་དུ་འཇུ་བཟུང་བྱས་པའི་གནས་ཚུལ་ཐོན་འདུག

    རྒྱ་གཞུང་གི་བཙན་ཤེད་དུས་དབང་ལ་ངོ་རྒོལ།
          July 21, 2016:53 AM

    ༄༅། །དེ་རིང་ཕྱི་ཟླ་ ༧ ཚེས་ ༢༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༠༠ སྟེང་། དྷ་སའི་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཡོད་པའི་ཆོལ་གསུམ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྡོ་རིང་མདུན་ཐང་དུ། ངེད་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་། བོད་ཀྱི་བེུད་ལྷན་ཚོགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས་བཀོད་སྒྲིག་འོག རྒྱ་ནག་གཞུང་གིས་བཙན་ཤེད་དང་བསླུ་བྲིད་ཀྱིས་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྫུན་མ་རྒྱལ་མཚན་ནོར་བུ་ལ་རྒྱ་གཞུང་གིས་གཞིས་ཀ་རྩེར་དུས་འཁོར་དབང་ཆེན་བཀོད་སྒྲིག་བྱས་པ་གཙོས་ཆོས་ལུགས་དང་ཆབ་སྲིད་ཐོག་བེད་སྤྱོད་ལོག་པ་བྱེད་ཀྱིན་པའི་སྲིད་ཇུས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཞིག་ཡོད། དེ་ཡང་། རྒྱ་ནག་གཞུང་གིས་བཙན་ཤེད་དང་བསླུ་བྲིད་ཀྱིས་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྫུན་མ་རྒྱལ་མཚན་ནོར་བུར་བཙན་ཤེད་ཀྱི་འོག་དུས་འཁོར་དབང་ཆེན་པའི་གནང་གི་ཡོད་པ་དང་། དེ་རིང་བོད་ཀྱི་རྒྱལ་ས་ལྷ་སའི་གཞིས་ཀ་རྩེར་དངོས་སུ་འགོ་འཛུགས་བྱས་ཡོད་པས་ན། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ཆོས་ལུགས་ཆབ་སྲིད་ཐོག་བེད་སྤྱོད་ལོག་པ་བྱེད་པའི་སྲིད་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་གྱིས། པཎ་ཆེན་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་ཏེ། རྒྱ་གཞུང་གི་བཙོན་ཁང་འོག་ཏུ་ཡོད་པའི་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་མགྱོགས་མྱུར་གྱིས་གློད་གྲོལ་དང་བདེན་སྐྱོབ་ཡོང་བའི་རེ་འབོད་བྱས་ཡོད། དེ་ཡང་གོང་འཁོད་ཚོགས་པ་ཁག་གིས་མཉམ་དུ་གསལ་འགོད་བསྒྲགས་གཏམ་སྤེལ་དོན། ༄༅། །རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ལ་ཕྱོགས་ཡོངས་ནས་མཐོང་ཆུང་ཁྱད་གསོད་དང་། མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་ལག་ལེན་བྱེད་པའི་དུས་སྐབས་འདིར། […]

    རྒྱ་གར་ལྷོ་ཕྱོགས་སུ་རྒྱུན་ལས་ཕྱོགས་བསྐྱོད།
          June 8, 2016:21 AM

    རྒྱ་གར་ལྷོ་ཕྱོགས་སུ་རྒྱུན་ལས་ཕྱོགས་བསྐྱོད། BY GUCHUSUM2014 · MAY 21, 2015 ཕྱི་ལོ་༢༠༡༥ལོའི་ཕྱི་ཟླ་༡ཚེས་༡༢ཉིན་གྱི་དགོང་མོར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་དང་། རྩོམ་སྒྲིག་པ་རྡོ་རྗེ་ཚེ་རིང་གཉིས་འདི་ག་དྷ་ས་ནས་རྡོག་ཐོན་གྱིས་ལྷོ་ཕྱོགས་ཀྱི་གྲྭ་ས་ཁག་གི་ཚོགས་མི་དག་ལ་ཐུག་འཕྲད་དང་། གཙོ་ཆེར་ཚོགས་མི་ཆབ་སྲིད་བཙོན་ཟུར་རྣམས་ཀྱི་བཙོན་འོག་གི་ལོ་རྒྱུས་རྣམས་བརྙན་ལེན་བྱ་ཆེད་དང་། DSC_0079ཕྱི་ལོ་༢༠༡༤ལོར་རང་ཚོགས་པས་ཛ་དྲག་ཚོགས་ཆེན་འཚོགས་ནས་རྒྱུན་ལས་འཕོ་འགྱུར་བྱུང་ཕྱོགས་སོགས་ལས་དོན་མང་དག་ཅིག་གི་ཆེད་དུ་ལྡི་ལི་ནས་ལྷོ་ཕྱོགས་སུ་ཕྱིན་ཡོད། ཕྱི་ཟླ་༢ཚེས་༡༣ཉིན་ཕྱིར་ལས་ཁུངས་སུ་འབྱོར་ནས། ཟླ་གཅིག་ཙམ་གྱི་རྩ་བའི་ཉིན་རེའི་ལས་སྡོམ་ཀུན་གསལ་མ་ཞེས་པ་ཤོག་ལྷེ་བཞི་དོན་ཚན་༤༧ཅན་ཞིག་ཚོགས་པར་དངོས་ཕུལ་གྱིས། ཚོགས་མི་ཁག་ཅིག་གི་ངོ་སྤྲོད་ལག་འཁྱེར་གསར་བཟོ་བྱ་བའི་ཡིག་ཚགས་དང་། ཚོགས་མི་དག་གི་ཚོགས་དངུལ་བསྡུ་རུབ། ད་དུང་ཚོགས་མི་གསར་ཞུགས་པའི་ཡིག་ཚགས་ཚད་ལྡན་བསྡུ་རུབ།DSC_0095 གྲྭ་ས་སེ་འབྲས་དགའ་གསུམ་གཙོས་ཆོས་སྡེ་ཆེན་པོ་ཁག་དགུ་ནས་ཚོགས་མི་དགེ་འདུན་པ་དག་གི་མཚན་ཐོ་དང་། འབྲེལ་གཏུགས་ཨང་གྲངས། སྡོད་གནས་ཁ་བྱང་བཅས་དང་། ཚོགས་མི་དེ་དག་གི་དགོངས་ཚུལ་དོན་ཚན་བཅུ་གཉིས་བཅས་སྦྱར་ནས་ཤོག་ལྷེ་༨ཉར་ཚགས་དང་། གྲྭ་ས་སེ་འབྲས་དགེ་གསུམ་དུ་འབྲེལ་མཐུད་པ་ཡོད་པ་སོར་བཞག་དང་མེད་པ་བསྐོ་བཞག་བྱས་ཡོད། DSC_0127ད་དུང་། ཚོགས་མི་ཆབ་སྲིད་བཙོན་ཟུར་གཙོས་མི་སྣ་13ལ་བཅར་འདྲི་ཞུས་པ་བརྙན་དང་། པར་རིས། ཡིག་ཚགས་བཅས་སོ་སོར་ཡོད་པ་བཅས་ཁྱོན་བསྡོམས་134 […]

    སློབ་མ་གསར་བསྡུ།
          June 8, 2016:15 AM

    སློབ་མ་གསར་བསྡུ། BY DORJI TSERING · JUNE 11, 2015 ༄༅། །འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་སྤྱི་ལོ་༢༠༠༠ནས། ད་བར་བོད་ཀྱི་ཆབ་སྲིད་བཙོན་ཟུར་གཙོ་བོར་གྱུར་པའི་ཚོགས་མི་རྣམས་ཀྱི་ཤེས་ཚད་གོང་མཐོར་indexགཏོང་རྒྱུར་དམིགས་ཏེ། དུས་ཡུན་ལོ་གཅིག་རིང་གློག་ཀླད་ཤེས་བྱ་གཙོ་བོར་གྱུར་པའི་བོད་ཀྱི་སྐད་ཡིག་དང་། དབྱིན་ཇིའི་སྐད་ཡིག་གི་འཛིན་གྲྭ་ཞིག་ཚུགས་མུས་ཡིན་པ་ལྟར།འདི་ལོར་ཡང་སྐབས་བཅུ་དྲུག་པའི་སློབ་མ་གྲངས་ཉི་ཤུ་ཡིག་རྒྱུགས་ཀྱི་ལམ་ནས་གསར་བསྡུ་བྱ་རྒྱུ་ཡིན་ན།གོང་གསལ་སློབ་ཁོངས་སུ་འཛུལ་བློ་ཡོད་རིགས། གཤམ་གསལ་ཆ་རྐྱེན་ཚང་བ་རྣམས་ཀྱིས་དུས་ཐོག་ཏུ་སྙན་ཞུ་ཕུལ་ཆོག་ཅིང་། སྙན་ཞུ་དང་མཉམ་དུ་དོ་བདག་སོ་སོའི་ལོ་རྒྱུས་ཁ་གསལ་དང་། འདྲ་པར་གཉིས་བཅས་སྤྱི་ལོ་༢༠༡༥ལོའི་ཟླ་བ་༧ཚེས་༡སྔོན་དུ་འདི་གར་འབྱོར་དགོས་པ་དང་། གལ་སྲིད་འཛུལ་ཞུགས་བྱ་མཁན་མི་ཉི་ཤུ་ལས་བརྒལ་ཚེ་སྙན་ཞུ་སློབ་སྤྱིའི་ལག་པར་འབྱོར་རིམ་ལ་བལྟ་རྒྱུ། གཞན་ཡང་ས་མིག་ལྷག་མ་བྱུང་ཚེ་ཚོགས་མི་མ་ཡིན་པ་རྣམས་གྱིས་ལོ་གཅིག་གི་སློབ་ཡོན་སྡེབ་འབུལ་ཐོག གཤམ་གསལ་ཆ་རྐྱེན་ཚང་བ་རྣམས་ཀྱང་གཅིག་གྱུར་ཡིག་རྒྱུགས་ལམ་ནས་བསྡུ་རྒྱུ་ལགས་ན་གོང་ཚེས་ནང་འདི་གར་སྙན་ཞུ་འབུལ་འབྱོར་དགོས་པའི་གསལ་བརྡར། འཛུལ་ཞུགས་ཆ་རྐྱེན། 1༽རབ་བྱུང་ན་དོ་བདག་རང་ཉིད་བཙོན་ཟུར་རམ་འབྲེལ་ཡོད་འབྲེལ་ཆགས་གང་རུང་ཡིན་པ། 2༽མ་མཐར་ཡང་བོད་ཡིག་འཛིན་རིམ་བརྒྱད་པའི་ཤེས་ཚད་ཡོད་པ། 3༽དབྱིན་ཡིག་གི་རྨང་གཞི་ཅུང་ཡོད་པ། 4༽སྦྱོང་བརྡར་གྱི་དུས་ཡུན་རིང་སློབ་ཕྲུག་གི་ངོ་བོར་སྡོད་ཐུབ་པ། 5༽དང་བླངས་དཔྱ་དངུལ་ལོ་འདིའི་བར་གཙང་འབུལ་ཟིན་པའི་འདྲ་བཤུས། […]

Copyright © 2017 — GU-CHU-SUM All Rights Reserved