རང་ལོ་བཅུ་དྲུག་ཡིན་པའི་བོད་མི་ཞིག་གིས་རང་བསྲེགས་ངོ་རྒོལ།
          May 9, 2017:21 AM

    སྤྱི་ལོ་  ༢༠༡༧  ཟླ་  ༥ ཚེས་༢ཉིན་མདོ་སྨད་བསང་ཆུ་རྫོང་འབོ་ར་དགོན་པ་ནས་རང་ལུས་མེར་བསྲེགས་གཏོང་མཁན་དེ་ཕྱག་རྡོར་སྐྱབས་ལགས་ཡིན་འདུག  ཁོང་ནི་ད་ལྟ་རང་ལོ་བཅུ་དྲུག་ལས་གསོན་མེད་པ་དང་།  

    དབང་པོ་སྐྱོན་ཅན་བཟོས་ནས་གློད་བཀྲོལ་བཏང་བ།
          May 2, 2017:55 AM

    རྒྱ་གཞུང་གི་བཙོན་ཁང་ནང་བཙོན་འཇུག་བྱས་ཏེ་གློད་བཀྲོལ་ཐོབ་པའི་ཆབ་སྲིད་བཙོན་པ་ཞིག་ལ་ཆ་མཚོན་ན།  ཕྱི་ལ་མངོན་ཐུབ་མིན་ཙམ་ལས་ཚད་གཞི་མི་འདྲ་བའི་ནད་གཅོང་དང་ཐ་ན་དབང་པོ་སྐྱོན་ཅན་དུ་འགྱུར

    ཨ་མཆོག་ཕུལ་བྱུང་བཙོན་ནས་གློད་བཀྲོལ་བཏང་བ།
          February 3, 2017:32 AM

    བོད་ཀྱི་གཞོན་སྐྱེས་གླུ་པ་ཨ་མཆོག་ཕུལ་བྱུང་ལགས་ཀྱི་བཙོན་འཇུག་དུས་ཡུན་རྫོགས་ཏེ་སྤྱི་ལོ་༢༠༡༧ཟླ་༢ཚེས་༢ཉིན་ཟི་ཁྲོན་མེན་ཡཱ་བཙོན་ཁང་ནས་གློད་བཀྲོལ་བཏང་འདུག

    སྲོག་གི་ཉེན་ཁ་ལས་སླར་གསོན་པ།
          January 27, 2017:43 AM

    ཉེ་སྔོན་ཨ་ཁུ་འཇིགས་མེད་ལགས་བཙོན་ནས་གློད་དེ་ཟླ་གཅིག་ཏག་ཏག་འཁོར་བའི་མཚམས་སུ། ཁ་ཡིག་ལ་༼སྲོག་གི་ཉེན་ཁ་ལས་སླར་ཡང་གསོན་པ་༽ཞེས་བྲིས་གནང་བའི་ཡི་གེ་ཐུང་ཐུང་ཞིག་ཁོང་དང་ཐག་ཉེའི་མི་ཞིག་བརྒྱུད་ནས་འདི་གར་ལག་འབྱོར་བྱུང་། ཡི་གེའི་ནང་དོན་ཐད་ལག་སྙོབ་ཙམ་བྱས་ན། འདས་ཟིན་པའི་ལོ་ཟླ་དེ་གའི་ནང་ཁོང་གི་ལུས་སེམས་གཉིས་ཀའི་ཐོག་རྒྱ་དམར་གྱིས་ཞི་དྲག་ཅི་རིགས་ཀྱི་སྒོ་ནས་སྡུག་ལས་བྱས་པའི་དངོས་མྱོང་གཞི་ལ་བཞག་སྟེ།

    ཨ་ཁུ་འཇིགས་མེད་སྨན་ཁང་དུ་ལུས་འདུག
          December 28, 2016:55 AM

    འདི་ག་ཚོགས་པའི་ཕྱོགས་བཞུགས་རྒྱུན་ལས་འཇམ་དབྱངས་སྦྱིན་པ་ལགས་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།

    <<དགོན་པའི་གྱོད་དཔེ་ཀློག་དེབ་>>ཞེས་པ་བཀྲམས་པ།
          August 19, 2016:55 PM

    ༄༅། །དེ་རིང་སྟེ་ཕྱི་ཟླ་ ༨ ཚེས་ ༡༩ ཉིན་འདི་གར་བོད་ནང་གི་གནས་ཚུལ་འབྱོར་དོན་ལྟར་ན། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༨ ཉིན་བོད་མདོ་སྨད་རྔ་བ་ཁུལ་རྔ་བ་རྫོང་གི་འབྲེལ་ཡོད་ལས་བྱེད་པས་རྔ་བ་ཀིརྟི་དགོན་གྱི་གྲྭ་ཤག་རེ་རེ་བཞིན་དུ་གྱོད་དཔེ་ཀློག་དེབ་ཟེར་བའི་དེབ་ཆུང་ཞིག་སྤྲད་འདུག་པའི་ནང་དུ་རང་ལུས་མེར་སྲེག་གིས་ཞི་བའི་ངོ་རྒོལ་སྐད་འབོད་དང་། ༸གོང་ས་མཆོག་གི་སྐུ་པར་ཕྱར་ནས་ཞི་བའི་གོམ་བགྲོད་གནང་བ་སོགས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་ཡི་ཡོད་ལུགས་དང་ཁྲིམས་འགལ་ཡིན་ལུགས་ཀྱིས་ཉེས་ཆད་གཅོད་དགོས་ཚུལ་དང་། དེ་བཞིན། སྐད་འཕྲིན་སོགས་རྒྱུད་ལམ་ནས་ཕྱི་ཕྱོགས་ལ་ས་གནས་ཀྱི་གནས་ཚུལ་བསྐུར་བ་སོགས་རྒྱལ་ཁབ་ཀྱི་གསང་དོན་ཕྱི་ལ་བསྒྲགས་པའི་ཉེས་ཆད་གཅོད་རྒྱུ་སོགས་ཀྱི་ནང་དོན་བཀོད་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ཡོད་པ་ཞིག་སྤྲད་དེ་གྲྭ་བ་རེ་རེ་བཞིན་དུ་འདི་ལ་སློབ་སྦྱོང་ནན་ཏན་བྱེད་དགོས་ཚུལ་གྱི་བཙན་བཀའ་བཏང་འདུག དེའི་སྐོར་ལ་རྔ་བ་རྫོང་གི་དགོན་པ་ཁག་བཞི་བཅུ་ལྷག་བསྡུས་ནས་ཚོགས་འདུ་འཚོགས་ཡོད་ཅིང་། བཅའ་ཁྲིམས་དགོན་པར་བསྐྱལ་བའི་ལས་དོན་ལེགས་འགྲུབ་བྱུང་ཚུལ་སོགས་རྔ་བའི་གསར་འགྱུར་ནང་བསྒྲགས་ཡོད། གནས་ཚུལ་མཁོ་སྤྲོད་པ་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་བརྒྱུད་དེབ་དེའི་སྐོར་ལ་བོད་ནང་ནས་འགྲེལ་བརྗོད་གནང་དོན།”ལས་འགུལ་འདི་ནི་རྒྱ་གཞུང་གིས་བོད་ཐོག་ལ་གདུག་རྩུབ་ཀྱི་བྱ་སྤྱོད་ག་རེ་སྤེལ་ཡང་ཁྲིམས་མཐུན་ཡིན་ལུགས་དང་། བོད་མི་རྣམས་ཀྱིས་བདེན་པའི་གནས་ལུགས་རེ་བཤད་པ་དང་། སྡུག་སྨྲེ་རེ་བཏོན་པའང་ཁྲིམས་འགལ་ཡིན་ལུགས་སྒྲུབ་བྱེད་ཀྱི་དབང་ཆ་སྒེར་གཅོད་ཀྱི་གདོང་རིས་ངོ་མ་ཞིག་ཡིན་པའི་བསམ་ཚུལ་མང་པོ་ཡོང་གི་འདུག”གསུངས་ཡོད་པ་དང་། དེ་སྔོན་རྒྱལ་གཅེས་དཔའ་བོ་བློ་བཟང་ཕུན་ཚོགས་ཀྱི་ཨ་ཁུ་དང་ཤག་གི་དགེ་རྒན་ཡིན་པའི་དགེ་འདུན་པ་བློ་བཟང་བརྩོན་འགྲུས་ལགས་ལ་ཕུན་ཚོགས་བསད་པའི་ཉེས་མིང་གཡོག་ནས་ལོ་ ༡༡  བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། དེ་བཞིན། དགེ་འདུན་པ་བློ་བཟང་དཀོན་མཆོག་གིས་རང་ལུས་མེར་སྲེག་ལ་བརྒྱུད་སྐུལ་བྱས་པའི་ཉེས་མིང་གཡོགས་ནས་ལོ་གཉིས་ནར་འགྱངས་ཀྱིས་སྲོག་ཐོག་གི་ཉེས་ཆད་བཅད་པ། […]

    རི་བསང་དུས་སྟོན་བཀག་འགོག་བྱས་ཀྱང་སྔར་བཞིན་རོལ་བ།
          August 10, 2016:04 AM

    ༄༅། །ཕྱི་ཟླ་ ༨ ཚེས་ ༦ ཉིན་བོད་མདོ་སྟོད་དཀར་མཛེས་རྫོང་ཁོངས་ཏྲེ་ཧོར་བཀྲ་ཤིས་དར་རྒྱས་དགོན་གཙོས་ས་གནས་སེར་སྐྱ་མི་མང་འདུ་འཛོམས་ཀྱིས་རི་བསང་དུས་ཆེན་རོལ་བར་བཀག་འགོག་བྱས་ཡོད་འདུག དེ་ཡང་བོད་མདོ་ཁམས་ཧོར་དགོན་སྡེ་བཅུ་གསུམ་གྱི་ཡ་གྱལ་བཀྲ་ཤིས་དར་རྒྱས་དགོན་ནི་བོད་རབ་བྱུང་བཅུ་གཅིག་པ་ཆུ་སྟག་སྟེ། ཕྱི་ལོ་ ༡༦༦༢ ལོ་ཡས་མས་སུ་རྒྱལ་དབང་ལྔ་པ་ཆེན་པོའི་ དངོས་སློབ་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་ཕྱག་བཏབ་ཅིང་། ད་ལྟ་རྒྱ་གཞུང་གིས་བོད་ས་བཅད་བགོས་ལྟར་ན་སི་ཁྲོན་ཞིང་ ཆེན་དཀར་མཛེས་ཁུལ་དཀར་མཛེས་རྫོང་རོང་པ་ཚ་རུ་ཆགས་ཡོད། འདི་ག་བོད་ཀྱི་དགུ་བཅུ་གསུམ་ཚོགས་པའི་རྒྱུན་ལས་འཆི་མེད་རྡོ་རྗེ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན། རི་བསང་དུས་ཆེན་ཞེས་པ་ནི་དཀར་མཛེས་རྫོང་ཁོངས་ཏྲེ་ཧོར་བཀྲ་ཤིས་དར་རྒྱས་དགོན་གཙོས་ས་གནས་སེར་སྐྱ་མི་མང་གིས་ལོ་རེར་འཆར་ཅན་གྱིས་སྤྲོ་གསེང་གཏོང་སྲོལ་ཞིག་ཡིན་པ་དང་། དེར་ཞོགས་པར་རི་མགོར་བསང་གཏོང་བ་དང་། དེ་རྗེས་རྟ་རྒྱུགས་འགྲན་བསྡུར། ཞབས་བྲོ་འཁྲབ་པ། གླུ་གཞས་གཏོང་བ། དགོན་པའི་དགེ་འདུན་པ་རྣམས་ཀྱིས་རྣམ་ཐར་འཁྲབ་པ་སོགས་ཉིན་ཤས་སུ་སྤྲོ་གསེང་གཏོང་སྲོལ་ཡོད་པ་ཞིག་ཡིན་ནའང་། ཉེ་ཆར་རྒྱ་གཞུང་གིས་དུས་སྟོན་དུ་ཕེབས་པའི་བོད་མི་སེར་སྐྱ་མང་པོའི་སྡོད་གུར་རེ་རེའི་སྟེང་རྒྱ་ནག་གི་རྒྱལ་དར་སྒྲེང་དགོས་པའི་བཙན་སྐུལ་བྱས་སྟབས། ས་གནས་མི་མང་གིས་རི་བསང་གཏོང་བ་ནི་བོད་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་ཡིན་པ་དང་། སྔར་ནས་དུས་སྟོན་དུ་བོད་ཀྱི་ཐུན་མིན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་དུས་སྟོན་ཞིག་ཡིན་པ་ལས་རྒྱ་ནག་གི་རྒྱལ་དར་སྒྲེང་མྱོང་མེད་ཅེས་ངོས་ལེན་བྱས་མི་འདུག རྗེས་སུ་རྒྱ་གཞུང་གིས་རྒྱལ་དར་སྒྲེང་འཛུགས་མ་བྱས་ན་རི་བསང་དུས་སྟོན་གཏོང་མི་ཆོག་སྐོར་བརྗོད་དེ་བཀག་འགོག་བྱས་ཡོད་པ་དང་། ས་གནས་སུ་འདུ་འཛོམས་བྱུང་བའི་སེར་སྐྱ་མི་མང་གིས་རི་མགོར་བསང་གསོལ་གཏོང་ཐབས་མ་བྱུང་སྟབས། […]

    དོན་ཚན་གཉིས་དང་འབོད་སྐུལ་གཅིག་ཞུ་ཆེད་ཡོང་ཡིན།
          July 28, 2016:03 AM

    ༄༅། །དེ་རིང་ཕྱི་ཚེས་ ༢༨ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག བོད་ཀྱི་ཆབ་སྲིད་བཙོན་ཟུར་འདས་པོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཚ་མོ་ཉི་མ་ལྷ་མོ་ལགས་ཉེ་ཆར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་ཡོད་པ་དང་། དེ་རིང་མོ་དང་མོའི་སྤུན་མཆེད་དགེ་བཤེས་བློ་བཟང་ཡོན་ཏན་གཉིས་ཀྱིས་གངས་སྐྱིད་ཕྱི་ དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་སྤྲུལ་སྐུ་གྲོངས་རྐྱེན་སྐོར་ལ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཡོད་འདུག སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཚ་མོ་ཉི་མ་ལྷ་མོས་ཁོང་རྒྱ་གར་དུ་ཡོང་དགོས་དོན་དེ་དོན་ཚན་གཉིས་དང་འབོད་སྐུལ་གཅིག་ཞུ་ཆེད་ཡོང་བ་ཡིན་གསུང་གི་ཡོད་པ་དང་། དེ་ཡང་།  སྤྲུལ་སྐུ་ལགས་རྒྱ་ནག་གཞུང་གིས་བཙོན་ཁང་ནང་བཀྲོངས་པ་ཡིན་སྐོར། དེའི་སྐོར་ལ་རྒྱལ་སྤྱིའི་ཐོག་ནས་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་རོགས་ཞེས་འབོད་སྐུལ་བྱས་ཡོད་འདུག གཞན་ཡང་། ཚེས་ ༢༥ ཉིན་འདི་ག་ཚོགས་པའི་ཚོགས་གཙོ་ཀླུ་མཁར་བྱམས་དང་། དྲུང་ཆེ་ཟླ་བ་བཀྲིས། རྒྱུན་ལས་འཆི་མེད་རྡོ་རྗེ་། རྒྱུན་ལས་རྡོ་རྗེ་ཚེ་རིང་། དབྱིན་དྲུང་བསྟན་འཛིན་སྐལ་བཟང་བཅས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་ཚ་མོ་རྒྱ་གར་ལ་བཙན་བྱོལ་དུ་བདེ་འབྱོར་ཐུབ་པར་འཚམས་འདྲི་ཞུ་བར་བསྐྱོད་པ་དང་། ཚོགསགཙོ་ཀླུ་མཁར་བྱམས་ཀྱིས་ཐོག་མར་སྐུ་ཉིད་རྒྱ་གར་དུ་བདེ་འབྱོར་ཐུབ་པར་བཀྲིས་བདེ་ལེགས་ཞུས་པ་དང་ཆབས་ཅིག སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིིན་པོ་ཆེ་མཆོག་རྒྱ་གཞུང་གི་མ་ཉེས་ཁ་གཡོག་འོག་བཙོན་འཇུག་བྱས་པ་ནས་བཟུང་བཙན་བྱོལ་དུ་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་སོགས་ནས་རིན་པོ་ཆེ་བཙན་གྲོལ་ཡོང་ཐབས་དང་། ཐ་ན། བཙན་བྱོལ་དུ་སྨན་བཅོས་ཀྱི་མིང་ཐོག་ནས་ཐར་ཐབས་སོགས་ཀྱི་ཆེད་ལས་འགུལ་སྣ་ཚོགས་ཞིག་སྤེལ་ཡོད་ཀྱང་། ང་ཚོའི་ནུས་ཤུགས་ཀྱིས་མ་འདང་བ་དང་རྒྱ་གཞུང་གི་སྲིད་ཇུས་གདུག་རྩུབ་ཆེ་བ་སོགས་རྒྱུ་རྐྱེན་སྣ་མང་ལ་བརྟེན་ནས་རེན་པོ་ཆེ་མཆོག་དགོངས་པ་རྫོགས་པ་དེ་ནི་ཡིད་སྐྱོ་བའི་གནས་ཚུལ་ཞིག་དང་། […]

Copyright © 2017 — GU-CHU-SUM All Rights Reserved