འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ལ་རྒྱ་ནག་གི་ཉེན་རྟོག་པའི་བཀག་བསྐྱིལ་གྱིས་གཅར་རྡུང།
          June 30, 2016:44 AM

    ༄༅། །ཕྱི་ཟླ་ ༦ ཚེས་ ༢༥ ཡི་མཚན་མོར་ཉིན་ཟི་ལིང་གནམ་ཐང་གི་ཉེན་རྟོག་པས་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་རྒྱ་ནག་གི་རྒྱལ་ས་པེ་ཅིན་ནས་ཟི་ལིང་གྲོང་ཁྱེར་གྱི་གནམ་གྲུ་འབབ་ཚིགས་སུ་འབྱོར་ཡོད་པ་དང་། འབབ་ཚིགས་དང་ཁ་འབྲལ་སྐབས་ཁོང་གི་ཅ་ལག་ཞིག་འབབ་ཚིགས་སུ་ལུས་ཡོད་པ་ཕྱིར་ལེན་དུ་ཕྱིན་སྐབས། འབབ་ཚིགས་ཀྱི་བདེ་སྲུང་ཉེན་རྟོག་པས་ལག་ལྕགས་བརྒྱབ་ཏེ་འདྲི་གཅོད་བྱས་ཡོད་པ་དང་། ཚེས་ ༢༦ ཉིན་སྟེ་རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ཉིན་མོའི་ཞོགས་པར་གནམ་ཐང་གི་སྤྱི་བའི་སྒྲིག་སྲོལ་ལ་གཏོར་བརླག་བྱས་པའི་ཉེས་འཛུགས་འོག གནམ་ཐང་ཉེན་རྟོག་པས་ཟི་ལིང་གི་བཀག་ཉར་ཁང་ཞིག་ཏུ་བཙན་འཁྲིད་བྱས་ཏེ་འདྲི་རྩད་གཅར་རྡུང་ཚད་མེད་བཏང་ཡོད་པ་དང་། ཕྱི་ཚེས་ ༢༧ ཉིན་ཁོང་ལ་མགོ་ཡོམ་འཁོར་བ་དང་བྲང་གཟེར་བ། ཡན་ལག་སྦྲིད་པ་སོགས་བྱས་ནས་གཟུགས་པོའི་གནས་སྟངས་ཛ་དྲག་ཆགས་པར་བརྟེན། བཀག་ཉར་ཁང་ནས་ཟི་ལིང་གི་སྨན་ཁང་ཞིག་ཏུ་བསྐྱལ། ད་ལྟ་སྨན་ཁང་དུ་ཉེན་རྟོག་པའི་ལྟ་རྟོག་འོག་ཡོད་པ་དང་སྨན་ཁང་གིས་བརྟག་དཔྱད་བྱེད་སྐབས་ཁོང་ལ་གཅར་རྡུང་དྲག་པོ་བཏང་ཤུལ་ལུས་སྟེང་དུ་སྔོག་ཐིག་མང་པོ་ཡོད་པ་མ་ཟད། རྨ་ཤུལ་ཡང་མང་པོ་བཟོས་ཡོད་འདུག བོད་ཀྱི་དུས་བབ་དྲབར་སྤེལ་དོན་ལྟར་ན། བོད་ནང་དུ་ཡོད་པའི་ཁོང་གི་ལས་རིགས་གཅིག་པ་ཞིག་གིས་“དྲུད་སྒམ་ཞིག་ལེན་དུ་ཕྱིན་ན་སྤྱི་པའི་སྒྲིག་ལམ་ལ་གཏོར་བརླག་བཏང་བ་ཡིན་ནམ། བཀག་ཉར་གྱིས་གཅར་རྡུང་བཏང་སྟེ་སྨན་ཁང་དུ་སྐྱེལ་དགོས་པ་རེད་དམ། ང་ཚོར་ངེས་པར་དུ་འགྲེལ་བཤད་གསལ་པོ་ཞིག་རྒྱག་དགོས། ཉེ་བའི་ལོའི་ནང་ཁོང་གིས་རྒྱལ་ཕྱི་ནང་གི་གློག་བརྙན་གྱི་སྡིངས་ཆའི་ཐོག་ནས་གཟེངས་རྟགས་མང་པོ་བླངས་ཏེ་མཚོ་སྔོན་གྱི་ཆེད་དུ་ཁྱབ་བསྒྲགས་བྱ་བ་ཤིན་ཏུ་མང་པོ་གནང་ཡོད་པ་རེད། ཡིན་ནའང་། […]

    བོད་མི་ཞིག་གཅར་རྡུང་བཏང་སྟེ་བསད།
          June 30, 2016:29 AM

    ༄༅། །བོད་མདོ་སྟོད་སྡེ་དགེ་རྫོང་ཁོངས་ནས་ཡིན་པའི་བོད་མི་གཡུ་འབྲུག་ཉི་མ་ཞུ་བ་ཞིག་ལ་རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་དྲག་པོ་བཏང་སྟེ་བསད་ཡོད་འདུག འབྲེལ་ཡོད་གྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༠ ཙམ་ལ་སྡེ་དགེ་རྫོང་རྫ་ཁོག་ཡུལ་ཚོ། ཟམ་ཁ་སྡེ་བའི་གཡུ་འབྲུག་ཉི་མ་ཞེས་པའི་བོད་མི་ཞིག་དབྱར་རྩསྭ་དགུན་འབུ་བརྐོ་རུ་ཕྱིན་ཏེ། ར་ཁོག་ཡུལ་ཚོའི་ཕྱོགས་སུ་འབྱོར་དུས་རྫོང་ཉེན་རྟོག་པས་ཁོང་ལ་ “མེ་མདའ་ཡོད་པ་ རབས་ཀྱི་བསྙོན་འཛུགས་བྱས་”ཏེ། ར་གོག་ཡུལ་ཚོའི་ནང་བཙན་འཁྲིད་ཀྱིས་གཅར་རྡུང་དྲག་པོ་བཏང་ཡོད་པ་དང་། དེ་ནས་སྡེ་དགེ་རྫོང་ཐོག་ཏུ་འཁྲིད་ཡོད་ཀྱང་། ཕྱིས་སུ་ཉེན་རྟོག་ཕྱོགས་ནས་ཁོང་ལམ་བར་ནས་འདས་གྲོངས་སུ་ཕྱིན་སྐོར་བརྗོད་ཡོད་འདུག གཡུ་འབྲུག་ཉི་མ་ལགས་ཀྱི་ཕ་མིང་ལ་གཡང་དགའ་དང་མ་མིང་ལ་མགོ་གྲོད་ཟེར་གྱི་ཡོད་པ་དང་། ད་ལྟ་རང་ལོ་ ༤༠ ཙམ་ཡིན་འདུག   བོད་ཀྱི་དུས་བབ་དྲ་བར་རྩ་འཛིན་བྱས། རྩོམ་སྒྲིག་པས།

    འགྲོ་བ་མིའི་ཐོབ་ཐང།
          June 8, 2016:06 AM

    འགྲོ་བ་མིའི་ཐོབ་ཐང་། ཇེ་འབར་དུ་འགྲོ་བཞིན་པའི་བོད། བོད། / འགྲོ་བ་མིའི་ཐོབ་ཐང་། 20 Apr, 2014 ཇེ་འབར་དུ་འགྲོ་བཞིན་པའི་བོད། ༢༠༡༣ ལོར་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ཞི་རྒོལ་གནང་མཁན་རྣམ་པའི་གནས་ཚུལ་བསྡུས་པ། ࿄ ཕྱོགས་བསྒྲིགས་པ། རྨེའུ་དཀོན་རྒྱམ། སྒྲོལ་མ། ཕྱི་ལོ་༢༠༡༤ཟླ་༣ཚེས་༢༩ཉིན་བོད་ནང་གི་ཆུ་ཚོད་༣ཙམ་ལ་འབའ་ཐང་དུ་བཙུན་མ་སྒྲོལ་ མ་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རང་ལུས་མེར་སྲེག་བཏང་འདུག དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོར་འབའ་ཐང་རྫོང་འབའ་ཆོས་སྡེ་དགོན་པའི་ཉེ་འགྲམ་ དུ་འབའ་ཐང་སྤྱི་སྲུང་ཤོག་དགུའི་ཁོངས་ནས་ཡིན་པའི་བཙུན་མ་སྒྲོལ་མ་ལགས་ཀྱིས། རང་ལུས་མེར་སྲེག་གིས་རྒྱ་གཞུང་གི་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་ བྱུས་ལ་ཞི་རྒོལ་གནང་ཡོད་པ་དང་། དེ་མ་ཐག་དགོན་པར་སྐོར་བ་རྒྱག་མཁན་གྱི་བོད་མི་ཚོས་མཐོང་ནས་ཁོ་མོའི་ལུས་སྟེང་ གི་མེ་བསད་པ་དང་། འབའ་ཐང་རྫོང་མི་དམངས་སྨན་ཁང་དུ་འཁྱེར་ཏེ་མྱུར་སྐྱོབ་བྱེད་ཐབས་གནང་འདུག སྐབས་དེར་ལམ་སེང་ས་གནས་ཀྱི་དྲ་རྒྱ་བཀག་སྡོམ་བྱས་ཡོད་པ་དང་ཁ་པར་སོགས་ཀྱི་ […]

Copyright © 2017 — GU-CHU-SUM All Rights Reserved