མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་བསྟན་གོ་བོད་རང་སྐྱོང་ལྗོངས་སུ་ལས་བསྒྱུར་བྱས་འདུག
          November 3, 2016:00 AM

    སྤྱི་ལོ་  ༢༠༡༦  ཟླ་ ༡༡ ཚེས་ ༢  ཉིན་ལྷ་ས་གྲོང་ཁྱེར་ཕྱོགས་བསྡུས་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན།  མཚོ་སྔོན་ཞིང་ཆེན་ཨུ་ལྷོན་ཁང་གི་རྒྱུན་ལས་དང་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་

    ཞི་ཅིང་ཕིང་དང་གོ་མིན་ཏང་གི་འགོ་ཁྲིད་སླར་ཡང་ཐུག་འཕྲད་བྱས་པ།
          November 2, 2016:49 AM

    སྤྱི་ལོ་  ༢༠༡༦ ལོར་ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་ལྕམ་ཚའེ་ཡོན་ཝན་ཐེ་ཝན་སྲིད་འཛིན་དུ་བདམས་ཐོན་བྱུང་བ་དང།

    རྒྱ་ནག་གི་གསང་རྒྱ་ཆེ་བའི་ཚོགས་འདུ།
          October 25, 2016:54 AM

    རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དེ་སྤྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་༢༤ ནས་ཚེས་ ༢༧ བར་པེ་ཅིང་དུ་སྐོང་འཚོགས་བྱ་བཞིན་ཡོད་ཅིང།

    ལན་ཡུན་གྲོང་ཁྱེར་དུ་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ།
          August 10, 2016:22 AM

    ༄༅། །ཉེ་ཆར་ཕྱི་ ཟླ་ ༨ ཚེས་ ༧ ཉིན་རྒྱ་ནག་ཅང་སུའུ་ཞིང་ཆེན་ལན་ཡུན་གྲོང་ཁྱེར་དུ་ས་གནས་རྒྱ་ནག་གཞུང་གིས་རྡུལ་ཕྲན་ལས་གཞི་སོགས་མི་མང་གི་བདེ་ཐང་དང་ཁོར་ཡུག་ལ་གནོད་འཚེ་ཆེ་བའི་བཟོ་ལས་ཀྱི་ལས་གཞི་མང་པོ་འཛུགས་སྐྲུན་བྱེད་བཞིན་ཡོད་པར། ལན་ཡུན་གྲོང་ཁྱེར་གྱི་མི་མང་ཁྲི་ཚོ་མང་པོ་ཁྲོམ་གཞུང་གི་ཐང་ཆེན་དུ་ཐོན་ནས་ངོ་རྒོལ་སྐད་འབོད་བྱེད་བཞིན་ཡོད་པ་དང་། ངོ་རྒོལ་གྱི་ལས་འགུལ་ནང་མཉམ་བཞུགས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་འདུག རྒྱ་ནག་གཞུང་གིས་ཉེན་རྟོག་པ་མངགས་གཏོང་གིས་ཐང་ཆེན་དེའི་ཉེ་འགྲམ་དུ་ཡོད་པའི་སློབ་གྲྭ་ཞིག་གི་ནང་མི་མང་པོ་ཞིག་འཇུ་བཟུང་བཀག་ཉར་བྱས་ཡོད་པར་བརྟེན། བཀག་ཉར་བྱས་པའི་མི་མང་གློད་གྲོལ་གྱི་ཆེད་རིམ་པ་གཉིས་པའི་ངོ་རྒོལ་བྱེད་མཁན་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད།མི་མང་དང་ཉེན་རྟོག་པའི་དབར་ལ་ཁ་རྩོད་དྲག་པོ་ཤོར་ནས་ཕྱོགས་གཉིས་པོའི་དབར་ལ་གནས་ཚུལ་ཛ་དྲག་བྱུང་དང་འབྱུང་གི་ཡོད་འདུག Weibao ཝེ་པའོ་སོགས་བརྒྱུད་ལམ་ཁག་ཁ་ཤས་ནང་ཐོན་པའི་འདྲ་པར་ལ་གཞིགས་ནས་ཉེན་རྟོག་པས་མི་མང་གི་ལག་པར་ལྕགས་སྒྲོག་བརྒྱབ་ནས་བཙན་ཁྲིད་བྱེད་པ་དང་། ཉེས་རྡུང་བཏང་སྟེ་ཁྲག་བཞུར་བ་སོགས་ཀྱི་གནས་ཚུལ་པར་རིས་ལས་མཐོང་རྒྱུ་ཡོད་པ་བྱུང་འདུག

    རྒྱ་གཞུང་གི་བཙན་ཤེད་དུས་དབང་ལ་ངོ་རྒོལ།
          July 21, 2016:53 AM

    ༄༅། །དེ་རིང་ཕྱི་ཟླ་ ༧ ཚེས་ ༢༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༠༠ སྟེང་། དྷ་སའི་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཡོད་པའི་ཆོལ་གསུམ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་རྡོ་རིང་མདུན་ཐང་དུ། ངེད་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་། བོད་ཀྱི་བེུད་ལྷན་ཚོགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས་བཀོད་སྒྲིག་འོག རྒྱ་ནག་གཞུང་གིས་བཙན་ཤེད་དང་བསླུ་བྲིད་ཀྱིས་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྫུན་མ་རྒྱལ་མཚན་ནོར་བུ་ལ་རྒྱ་གཞུང་གིས་གཞིས་ཀ་རྩེར་དུས་འཁོར་དབང་ཆེན་བཀོད་སྒྲིག་བྱས་པ་གཙོས་ཆོས་ལུགས་དང་ཆབ་སྲིད་ཐོག་བེད་སྤྱོད་ལོག་པ་བྱེད་ཀྱིན་པའི་སྲིད་ཇུས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཞིག་ཡོད། དེ་ཡང་། རྒྱ་ནག་གཞུང་གིས་བཙན་ཤེད་དང་བསླུ་བྲིད་ཀྱིས་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྫུན་མ་རྒྱལ་མཚན་ནོར་བུར་བཙན་ཤེད་ཀྱི་འོག་དུས་འཁོར་དབང་ཆེན་པའི་གནང་གི་ཡོད་པ་དང་། དེ་རིང་བོད་ཀྱི་རྒྱལ་ས་ལྷ་སའི་གཞིས་ཀ་རྩེར་དངོས་སུ་འགོ་འཛུགས་བྱས་ཡོད་པས་ན། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ཆོས་ལུགས་ཆབ་སྲིད་ཐོག་བེད་སྤྱོད་ལོག་པ་བྱེད་པའི་སྲིད་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་གྱིས། པཎ་ཆེན་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་ཏེ། རྒྱ་གཞུང་གི་བཙོན་ཁང་འོག་ཏུ་ཡོད་པའི་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་མགྱོགས་མྱུར་གྱིས་གློད་གྲོལ་དང་བདེན་སྐྱོབ་ཡོང་བའི་རེ་འབོད་བྱས་ཡོད། དེ་ཡང་གོང་འཁོད་ཚོགས་པ་ཁག་གིས་མཉམ་དུ་གསལ་འགོད་བསྒྲགས་གཏམ་སྤེལ་དོན། ༄༅། །རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ལ་ཕྱོགས་ཡོངས་ནས་མཐོང་ཆུང་ཁྱད་གསོད་དང་། མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་ལག་ལེན་བྱེད་པའི་དུས་སྐབས་འདིར། […]

    རྒྱ་ནག་གི་ཚོགས་འདུ་གཉིས་དང་བོད་དོན་སྐོར།
          June 8, 2016:08 AM

    རྒྱ་ནག་གི་ཚོགས་འདུ་གཉིས་དང་བོད་དོན་སྐོར། BY · APRIL 20, 2014 རྒྱ་ནག་གི་ཚོགས་འདུ་གཉིས་དང་བོད་དོན་སྐོར། རྒྱ་ནག་གི་ཚོགས་འདུ་གཉིས་དང་བོད་དོན་སྐོར། ཉམས་ཞིབ་པ། ཟླ་བ་བཀྲ་ཤིས། ལོ་གཅིག་དུས་གཅིག་གི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ཆབ་སྲིད་གྲོས་ཚོགས་ཟེར་བའི་ཚོགས་འདུ་འདི་ཟླའི་ཟླ་འགོ་ནས་འགོ་འཛུགས་ཀྱིས་ད་ལྟ་གྲོལ་ལ་ཉེ་བ་ཡིན་ཞིང། ཚོགས་འདུ་འདི་གཉིས་ལ་རྒྱ་ནག་རྒྱལ་ནང་ཙམ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་དོ་སྣང་ཧ་ཅང་ཆེན་པོ་བྱེད་བཞིན་འདུག ཚོགས་འདུ་འདི་གཉིས་ཀྱི་ནང་བོད་དོན་དང་འབྲེལ་བ་ཡོད་པའི་གནད་དོན་ཇི་སྙིད་ཅིག་ཐོན་ཡོད་པ་དེ་ནི་རྒྱ་ནག་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་དང་རྒྱལ་ཡོངས་སྲིད་ཀྱི་ཀྲུའུ་ཞི་ཡུས་ཀྲང་ཧྲང་གིས་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཡོང་སྐབས། སྔར་བཞིན་དབུ་མའི་ལམ་ལ་རྣོ་ངར་ཆེ་བའི་སྐྱོན་བརྗོད་བྱས་ཏེ། ཏཱ་ལའི་བླ་མའི་དབུ་མའི་ལམ་ཟེར་བ་དང། མིང་དོན་མཚུངས་པའི་རང་སྐྱོང་ཟེར་བའི་གནད་དོན་གྱི་ཉེན་ཁའི་རང་བཞིན་ལ་ངོས་འཛིན་གསལ་པོ་བྱས་ཏེ་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་ཡོང་རྒྱུར་སྔར་བས་ཤུགས་སྣོན་རྒྱག་དགོས་སྐོར་ནན་བརྗོད་བྱས་ཡོད། ད་དུང་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་བློ་བཟང་རྒྱན་མཚན་དང། མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རིན་ཡིན་པ་པདྨ་འཕྲིན་ལས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས་བཅས་ཀྱིས་གསར་འགོད་ལྷན་ཚོགས་སྐོང་འཚོགས་བྱས་ཏེ་བོད་རང་སྐྱོང་ལྗོངས་ཟེར་བའི་སྤྱི་ཚོགས་ཧ་ཅང་བརྟན་ལྷིང་ཡིན་པ་དང། ཉེ་ལམ་ཁུན་མིང་དུ་བྱུང་བ་ལྟ་བུའི་མི་གསོད་ཀྱི་དོན་རྐྱེན་དེ་འདྲ་བོད་དུ་ཡོང་མི་སྲིད་པ་དང། ཅི་སྟེ་གནད་དོན་དེ་ལྟ་བུ་ཞིག་ལྷག་ཀྱང་དེས་བོད་ལ་ཤུགས་རྐྱེན་གང་ཡང་བཟོ་མི་སྲིད་པའི་འགྲེལ་བརྗོད་བྱས་པ་མ་ཟད། བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་དུ་རང་ལུས་མེར་སྲེག་གི་ཚབས་ཆེའི་གནད་དོན་གང་ཡང་བྱུང་མེད་སྐོར་འགྲེལ་བརྗོད་བྱས་ཡོད། ད་དུང་པདྨ་འཔྲིན་ལས་ཀྱིས་ཉེ་ཆར་འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས་༸གོང་ས་མཆོག་བོད་དུ་ཆིབ་སྒྱུར་བསྐྱངས་ཏུ་འཇུག་དགོས་ཅེས་པ་དེ་ནི་ཁོ་པ་མི་སྒེར་གྱི་བསམ་ཚུལ་ཙམ་ཡིན་པ་ལས་དེས་བོད་མི་དམངས་ཀྱི་ཚབ་བྱེད་མི་ཐུབ་ཅིང། བོད་མི་མང་གི་ཚབ་བྱེད་ཐུབ་མཁན་ནི་ད་ཐེངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་པའི་བོད་ཀྱི་འཐུས་མི་རྣམས་ཡིན་པ་དང། […]

    རྒྱ་ནག་གི་འགྱུར་བ།
          June 8, 2016:04 AM

    རྒྱ་ནག་གི་འགྱུར་བ། BY GUCHUSUM2014 · MAY 20, 2015 ࿄ ཉམས་ཞིབ་པ། ཟླ་བ་བཀྲ་ཤིས། སྟག་སྦྲང་མཉམ་རྡུང་གི་གཡུལ་འཐབ། འདས་མ་ཐག་པའི་ཕྱི་ལོ་༢༠༡༣ལོ་ནི་རྒྱ་ནག་ལ་ཆ་མཚོན་ན་ཤིན་ཏུ་འཁྲུག་ཆ་ཆེ་བའི་ལོ་ཞིག་ཡིན་པ་མ་ཟད། རྣོ་ངར་ཧ་ཅང་ཆེ་བའི་ལོ་ཞིག་ཀྱང་རེད། ལོ་དེ་ནི་ཞི་ཅིང་ཕིང་དང་ལི་ཁཱ་ཆང་གིས་སྣེ་ཁྲིད་བྱས་པའི་སྐབས་གསར་པའི་འགོ་ཁྲིད་ཀྱི་ལས་དོན་ཁག་ཕྱོགས་ཡོངས་ལས་འགོ་འཛུགས་པའི་ཐོག་མའི་ལོ་ཞིག་ཡིན་པར་བརྟེན། རྒྱ་ནག་རྒྱལ་ནང་ཙམ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་དོ་སྣང་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་ཅིང། དེའི་ནང་ནས་ཀྱང་རུལ་རྒོལ་གཙང་སེལ་གྱི་འཐབ་རྩོད་ཀྱི་ཐོག་མི་རྣམས་ཀྱིས་དེ་བས་ཀྱང་དོ་སྣང་བྱེད་ཀྱི་ཡོད། ཕྱོགས་གཅིག་ནས་བལྟས་ན་གནད་དོན་དེ་ནི་རུལ་སུངས་མཁན་རྩ་མེད་བཟོ་བའི་གནད་དོན་ཞིག་ཡིན་ཀྱང། ཕྱོགས་གཞན་ཞིག་ནས་བལྟས་ན་དེ་ནི་དམར་ཤོག་ཚོགས་པའི་ནང་ཁུལ་གྱི་འཐབ་རྩོད་དེ་རུལ་སུངས་རྩ་མེད་བཟོ་བའི་མིང་ཐོག་ནས་སྤེལ་བ་ཞིག་ཡིན་པར་བརྟེན། དེ་བས་ཀྱང་དོ་སྣང་བྱེད་དགོས་པ་ཞིག་ལོས་ཡིན། ཕྱི་ལོ་༢༠༡༣ལོར་དཔོན་རིགས་བརྒྱ་ཕྲག་མང་པོ་རྩ་མེད་བཏང་བ་མ་ཟད། ཕྱི་ལོ་༢༠༡༤འཆར་མ་ཐག་པའི་ཟླ་༡ཚེས་༢༣ཉིན་རྒྱ་ནག་དབུས་སྒྲིག་བཤེར་ལྷན་ཁང་གིས་ཞིང་ཆེན་དང་ས་གནས་རིམ་པའི་དཔོན་རིགས་བདུན་གནས་དབྱུག་བཏང་བའི་ཁྱབ་བསྒྲགས་བྱས་ཡོད། དེ་ནི་ཚོགས་ཆེན་བཅོ་བརྒྱད་ཚོགས་ཚུན་ནས་དུས་གཅིག་ལ་དཔོན་གནས་རྩ་མེད་བཟོས་པའི་གྲངས་ཚད་མང་ཤོས་ཤིག་རེད། མི་བདུན་པོ་དག་དེ་དག་ནི་ཨན་ཧུའི་ཞིང་ཆེན་མཱ་ཨན་ཧྲན་གྲོང་ཁྱེར་འཕེལ་བསྒྱུར་ལྷན་ཁང་གི་འགན་འཛིན་གཞོན་པ་ཚའོ་ཡོན་དང། ཧུའུ་པེ་ཞིང་ཆེན་རྒྱལ་ཁབ་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གི་འགན་འཛིན་གཞོན་པ་ལི་ཅུན། […]

Copyright © 2017 — GU-CHU-SUM All Rights Reserved